འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་20ཉིན།

༄༅།།གསེར་ཉོ་བའི་ཐད་ཛ་དྲག་གི་དྲན་སྐུལ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་20ཉིན། 15:54】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཉེ་ཆར། རྒྱལ་སྤྱིའི་གསེར་གྱི་རིན་གོང་འཕར་ནས་ཡང་ནས་བསྐྱར་དུ་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ཡོད། ཟླ་3ཚེས་18ཉིན་ཧྲང་ཧའེ་གསེར་ཉོ་ཚོང་ཁང་གིས《ཉེ་དུས་ཁྲོམ་རའི་ཉེན་ཁ་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད།

《བརྡ་ཐོས》བསྟན་དོན། ཉེ་དུས་གསེར་གོང་རྒྱུན་མཐུད་ངང་འཕར་ཆག་ཆེན་པོ་བྱུང་ནས་ཁྲོམ་རའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། ཚོགས་མིའི་ཚན་པ་ཁག་གིས་ཉེན་ཁའི་འཕྲལ་བསྟུན་སྔོན་ཇུས་ཡག་པོ་བཟོས་ནས། ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་བྱ་རྒྱུར་སྲུང་སྐྱོང་བྱེད་པ་དང་། དངུལ་འཇོག་བྱེད་མཁན་ལ་ཉེན་ཁ་སྔོན་འགོག་གི་ལས་དོན་ཡག་པོ་སྒྲུབ་པ་དང་། མཛོད་གནས་ཚོད་འཛིན་ལུགས་མཐུན་དང་ཚུལ་མཐུན་གྱིས་དངུལ་འཇོག་བྱེད་དགོས་པའི་དྲན་སྐུལ་བྱ་དགོས།