གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་20ཉིན། 15:42】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས་19ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱིས་ཉིན་དེར་“175”དང་“175”ཡི་རྣམ་པའི་ཐོག་ནས་གསོན་བཟུང་དམག་མི་སྣ་བརྗེ་རེས་བྱས་པ་རེད། ཨུ་རུ་སུ་ཕྱོགས་ཀྱིས་ཡུག་རེན་ལ་རྩིས་སྤྲོད་བྱས་པའི་མི་སྣའི་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོག་མཁན་22ཡོད།