འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་20ཉིན།

༄༅།།མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་རྒྱུན་མཐུད་ཆོག་པའི་འབྲེལ་མཐུད་དངུལ་བུན་གྱི་དངུལ་རྩ་ཚོགས་པའི་ཚད་གཞི་ཐོག་མ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་20ཉིན། 15:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་3ཚེས་12ཉིན། གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་གྱི་རྒྱུན་མཐུད་ཆོག་པའི་འབྲེལ་མཐུད་དངུལ་བུན་གྱི་ཞབས་ཞུའི་ཕྱོགས་སྟོན》ཁྱབ་བསྒྲགས་བྱས་ཤིང་། དེ་ནི་རྒྱལ་ཡོངས་ཀྱི་རྒྱུན་མཐུད་ཆོག་པའི་འབྲེལ་མཐུད་དངུལ་བུན་སྐོར་གྱི་དངུལ་རྩ་ཚོགས་པའི་ཚད་གཞི་ཐོག་མ་ཡིན་པ་རེད།

《མཚོ་སྔོན་ཞིང་ཆེན་གྱི་རྒྱུན་མཐུད་ཆོག་པའི་འབྲེལ་མཐུད་དངུལ་བུན་གྱི་ཞབས་ཞུའི་ཕྱོགས་སྟོན》ནི། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་རྒྱལ་ཁབ་གློག་དྲ་དབྱིན་ཏཱ་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིས་མཉན་དུ་བཏོན་པ་དང་། པེ་ཅིང་རྒྱལ་ཁབ་དངུལ་རྩ་ཚད་གཞི་ཅན་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་གྱི་དངུལ་ཁང་སྒྲིག་གཞི་མང་པོ་མཉམ་དུ་ཞུགས་ནས་འཆར་ཟིན་བཀོད་པ་ཞིག་རེད། སྒྲིག་གཞི་དང་ཁྱབ་ཁོངས་སྒྲོལ་བའི་མཉམ་ལས་བྱ་ཐབས་བརྒྱུད། རང་སོ་སོའི་ཆེད་ལས་ཀྱི་ལེགས་ཆ་དང་ལག་ལེན་གྱི་ཉམས་མྱོང་གང་ལེགས་བཏོན་ནས། ཚད་གཞིའི་ཚན་རིག་རང་བཞིན་དང་གོ་ཆོད་རང་བཞིན་འགན་ལེན་བྱས་ཏེ། རྒྱུན་མཐུད་ཆོག་པའི་དངུལ་རྩའི་གསར་གཏོད་ལ་སྐུལ་འདེད་གཏོང་ཆེད་བསམ་ཕྱོགས་གསར་པ་དང་ཐབས་ལམ་གསར་པ་མཁོ་འདོན་བྱས་པས། རྒྱལ་ནང་དུ་རྒྱུན་མཐུད་ཆོག་པའི་འབྲེལ་མཐུད་དངུལ་བུན་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཚད་གཞིའི་སྟོང་ཆ་སྐོང་ཐུབ་ཡོད།

《མཚོ་སྔོན་ཞིང་ཆེན་གྱི་རྒྱུན་མཐུད་ཆོག་པའི་འབྲེལ་མཐུད་དངུལ་བུན་གྱི་ཞབས་ཞུའི་ཕྱོགས་སྟོན》དེ་ད་ཡོད་ཀྱི་ལྗང་མདོག་དངུལ་རྩའི་ཚད་གཞི་དང་ཕྱོགས་སྒྱུར་དངུལ་རྩའི་ཚད་གཞི་སོགས་དང་ཕན་ཚུན་གསབ་རེས་དང་མཐུན་སྦྱོར་ཐུབ་ནས། དངུལ་རྩས་མཚོ་སྔོན་གྱི་དཔལ་འབྱོར་ལྗང་མདོག་ཕྱོགས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།

(ཕུར་སྒྲོན་གྱིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)