འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་20ཉིན།

༄༅།།ལོ་གསར་པར་མཚོ་སྔོན་མཚོ་བྱང་གི་ལས་ཞུགས་ལས་དོན་འགོ་ཡག་པོ་བཙུགས་ཐུབ་པ་བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་20ཉིན། 14:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མི་སྤྱི་ཅུས་ཀྱིས“མཚོ་སྔོན་eལས་ཞུགས”སྤུས་རྟགས་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་པས། 2025ལོའི་ལས་ཞུགས་ལས་དོན་གྱི་འགོ་ཡག་པོ་བཙུགས་ཡོད། ཟླ་2པའི་ཟླ་མཇུག་བར། མཚོ་བྱང་ཀྲོའུ་ཡི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་287ལས་ཞུགས་དང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་6705ལས་ཞུགས་གཞན་སྒྱུར་ཐུབ་ཡོད་ལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་བཀོད་བྱེད་ཚད་1.95%བར་ཆག་ནས་ལོ་རྒྱུས་ཀྱི་ཚད་གཞི་དམའ་ཤོས་བཏོད་ཡོད།

མཚོ་བྱང་ཀྲོའུ་ཡིས“ལས་ཞུགས་ཆེན་པོའི”རྣམ་པ་གསར་གཏོད་བྱེད་པ་དང་། སྡེ་ཚན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ། ཁོངས་མིའི་ཚན་པ་37གྱི་འགན་འཁྲིའི་ལས་བགོས་ཁ་གསལ་བཟོ་བ་བཅས་བྱས་པས། ལས་གནས་གསར་སྤེལ་དང་། སྲིད་ཇུས་དོན་འཁྱོལ། རྩལ་ནུས་གསོ་སྦྱོང་སོགས་ལམ་སྲོལ་ཡན་ལག་ཆེན་པོ་ལྔའི་མཉམ་འགུལ་མ་ལག་གྲུབ་ཡོད་པ་རེད། སྔོན་ཚུད་ནས་རྫོང་ཁོངས་སུ་ཉིན་གླའི་ས་ཚིགས་ཕྱོགས་ཡོངས་ལ་ཁྱབ་པར་བྱས་པ་དང་། ཚད་ལྡན་ཅན་གྱི་དྲ་ཕྱིའི་ཞབས་ཞུའི་ལས་སྟེགས་4བསྐྲུན་པ། སྒོར་ཁྲི་48.4བཏང་ནས་སྲིད་འཛིན་གྲོང་ཚོ་214དང་སྡེ་ཁུལ་28ཀྱི་ལས་ཞུགས་འབྲེལ་གཏུག་པའི་དཔུང་ཁག་འགན་ལེན། རིམ་བཞིའི་སྦྲེལ་མཐུད་ལས་ཞུགས་ཞབས་ཞུའི་དྲ་རྒྱ་བསྐྲུན་པ་བཅས་བྱས་ཡོད།

གནད་སྨིན་ལས་ཞུགས་ཞབས་ཞུ་ལག་བསྟར་བྱས་ཤིང་། “དཔྱིད་རླུང་བྱ་སྤྱོད”སོགས་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་27གཉེར་བ་དང་། ཁེ་ལས་274སྒྲིག་འཛུགས་ཀྱིས་ལས་གནས་2178མཁོ་འདོན་བྱས་ཏེ། མི་4000ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། རྩལ་ནུས་གསོ་སྦྱོང་དང་ངལ་ནུས་ཕྱིར་གཏོང་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་སྟེ། མི་ཐེངས་186ལ་སྲིད་གཞུང་གི་ཁ་གསབ་རང་བཞིན་གྱི་གསོ་སྦྱོང་བྱས་པ་དང་། ངལ་ནུས་བར་ཁེ་བ་བརྒྱུད་གནས་ཀྱིས་གནས་ལ་དམིགས་ནས་མི་141ནང་སོག་དང་ཤིན་ཅང་སོགས་སུ་ངལ་ལས་བྱེད་པར་བཏང་བ། རྩ་འཛུགས་ཅན་གྱི་ཐོག་ནས་མི་ཐེངས་1983ཕྱིར་གཏོང་བྱས་པར་ཡོང་འབབ་སྒོར་ཁྲི་8264བྱུང་ཡོད།

སྲིད་ཇུས་དང་མ་དངུལ་ནས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཞིང་ཆེན་རིམ་པའི་ལས་ཞུགས་ཁ་གསབ་སྒོར་ཁྲི་7480དང་ཧྲན་ཏུང་གི་རོགས་སྐྲུན་མ་དངུལ་སྒོར་ཁྲི་100བརྩོན་ལེན་བྱས་པ་དང་། སྤྱི་ཚོགས་འགན་སྲུང་དང་ལས་གནས་ཁ་གསབ་སྒོར་ཁྲི་1134.88སྤྲད་ཡོད། ཐ་སྐྱོང་རོགས་སྐྱོར་གྱི་གྲུབ་འབྲས་མངོན་གསལ་དོད་ཅིང་། མི་44ལས་ཞུགས་ཐུབ་པ་དང་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་90%ལས་བརྒལ་ཡོད་ལ། ལྟ་སྦྱོང་ལས་གནས་གསར་སྤེལ་བྱས་ནས་མི་63བསྡུས་ཡོད། ཀྲོའུ་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་1229ལས་ཞུགས་བརྟན་པོ་བྱུང་ནས་གྲོང་གསེབ་དར་རྒྱས་ལ་མུ་མཐུད་སྒུལ་ཤུགས་བསྣན་ཡོད།

(སྐལ་བཟང་མཆོག་སྐྱིད་ཀྱིས་བསྒྱུར། སྤེན་པ་ཚེ་རིང་གིས་ཞུས)