འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་20ཉིན།

༄༅།།ན་ནིང་གྲངས་འཛིན་ཐོན་ལས་ཀྱིས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་35ལེགས་གྲུབ་བྱས་པ།

དུས་མཚུངས་ལས་5.5%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་20ཉིན། 09:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་བར། 2024ལོར་རང་རྒྱལ་གྱི་གྲངས་འཛིན་ཐོན་ལས་ཀྱིས་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱས་པའི་ལྟེ་བའི་དམིགས་ཚད་ཁྲོད། བཅུ་ཆ་དགུ་ཡན་ལ་དུས་མཚུངས་ལས་འཕར་བ་མངོན་འགྱུར་བྱུང་ནས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་35འཕར་བ་དེ་དུས་མཚུངས་ལས་5.5%འཕར་ཡོད། དེའི་ནང་བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་ཁག་གཅིག་3.8%དང་8.0%སོ་སོར་འཕར་ནས་བསྡུར་ཚད་བཟུང་ཚད་59.6%དང་40.4%ཡིན་པ་རེད། གྲངས་འཛིན་ཐོན་ལས་ལ་ཁེ་སྤོགས་སྒོར་དུང་ཕྱུར་ཁྲི་2.7བྱུང་ནས་དུས་མཚུངས་ལས་3.5%འཕར་ཡོད། གྲངས་འཛིན་ཐོན་ལས་ལ་ཐད་ཀར་ལས་ཞུགས་བྱེད་མཁན་ཁྲི་2060ཟིན་ཡོད།