གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་19ཉིན། 14:34】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་མཉམ་འབྲེལ་དྲ་རྒྱའི་འཕྲིན་གཏོང་ཚོགས་པ་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། སྤྱི་ཁྱབ་ཅིང་ལི་གཞོན་པ་ཚའོ་ཞང་ཞིན་གྱིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྐྱོང་བྱེད་ཁོངས་དམིགས་འཛུགས་བྱས་པ་བརྒྱུད། ཧྲན་ཏུང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཀྱི་ཐོག་ནས་ཚའོ་ཞང་ཞིན་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་སྔར་ལས་ཐག་གཅོད་བཞིན་ཡོད།