གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་18ཉིན། 14:57】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉེ་ཆར། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་སྟག་རྩེ་ཤང་བྱ་གསར་གྲོང་ཚོའི་ཁམས་བཟང་དངོས་ཟོག་སྐྱེལ་འདྲེན་ཀུང་སིས་2024ལོའི་ལོ་འཁོར་གྱི་སྐྱེལ་འདྲེན་གླ་ཆ་བསྡོམས་རྩིས་རྒྱག་པའི་མཛད་སྒོ་འཚོགས་པ་དང་། བྱེད་སྒོའི་ཁྲོད་མང་ཚོགས་120ལྷག་ཙམ་ལ་མ་དངུལ་སྒོར་ཁྲི་2000ལྷག་ཙམ་སྤྲད་པ་དང་། མི་རེར་ཆ་སྙོམས་སྒོར་ཁྲི་16ལྷག་ཙམ་ཐོབ་ཡོད།
ཉེ་བའི་ལོ་ཤས་རིང་། རྣམ་གླིང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཕྱིར་གླ་པར་སྐྱོད་མཁན་མང་ཚོགས་དང་སེམས་པ་གཅིག་ཏུ་སྦྲེལ་ནས། འབྲེལ་ཡོད་སྲིད་ཇུས་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་བ་དང་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ། ངལ་ནུས་བར་ཁེ་བ་དང་ཕྱིར་གླ་པར་སྐྱོད་མཁན་མང་ཚོགས་ལ་དེ་བས་སྤུས་ལེགས་ཀྱི་ཞབས་ཞུ་དང་འགན་སྲུང་མཁོ་འདོན་བྱས་པ་རེད།
ད་ཐེངས་ཀྱི་བསྡོམས་རྩིས་མཛད་སྒོ་དེས་མང་ཚོགས་ཕྱིར་གླ་པར་སྐྱོད་པའི་ཧུར་བརྩོན་རང་བཞིན་འཕེལ་བར་བྱས་ཡོད་ལ། ས་གནས་དེ་གའི་སྲིད་གཞུང་དང་ངལ་ནུས་བར་ཁེ་བས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་པ་དང་གྲུབ་འབྲས་ཐོབ་པ་ཡང་མངོན་ཡོད། འབྱུང་འགྱུར་རྣམ་གླིང་རྫོང་གིས་ངལ་ནུས་ཕྱིར་གཏོང་གི་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་ནས། མང་ཚོགས་དེ་བས་མང་པོ་ལས་བརྩོན་ཕྱུག་འགྱུར་གྱི་བདེ་སྐྱིད་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱ་རྒྱུ་རེད།