གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་17ཉིན། 16:52】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་3ཚེས་16ཉིན་ནས་ཚེས་20ཉིན་བར། ཉིང་ཁྲི་དང་ཆབ་མདོའི་དབུས་རྒྱུད་དང་བྱང་རྒྱུད་བཅས་སུ་ཁ་བ་ཆུང་བ་ནས་འབྲིང་བ(ཆར་པ་)འབབ་རྒྱུ་དང་། ས་ཆ་ཁག་ཅིག་ཏུ་ཁ་བ་ཆེན་པོ(ཆར་པ)འབབ་རྒྱུ་རེད། གཞིས་ཀ་རྩེའི་ལྷོ་རྒྱུད་དང་། མངའ་རིས་ཀྱི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོའི་ལྷོ་རྒྱུད། ནག་ཆུའི་ཤར་རྒྱུད་བཅས་སུ་ཁ་བ་ཆུང་བ(ཆར་པ)འབབ་རྒྱུ་དང་། ས་ཆ་ཁག་ཅིག་ཏུ་ཁ་བ་འབྲིང་བ་འབབ་རྒྱུ་རེད། ལྷ་སའི་ཤར་རྒྱུད་དང་བྱང་རྒྱུད། ལྷོ་ཁའི་ཤར་རྒྱུད། མངའ་རིས་ཀྱི་ནུབ་རྒྱུད་བཅས་སུ་སྤྲིན་མང་བ་ནས་གནམ་འཐིབས་རྒྱུ་དང་། ས་ཁུལ་ཁག་ཅིག་ཏུ་ཁ་བ་འབབ་རྒྱུ་ཡིན་ཞིང་། ས་ཁུལ་གཞག་དག་དུ་སྤྲིན་མང་རྒྱུ་རེད།