གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་17ཉིན། 16:47】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
བཀྲ་ཤིས་སྐྱིད་ཚལ་གསེར་དངུལ་ཟངས་ཆས་བཟོ་གྲྭ་དེ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་གནས་པ་དང་། ལག་ཤེས་བཟོ་པའི་རོགས་རེས་ཚོགས་ཆུང་ནས་འཕེལ་རྒྱས་བྱུང་བའི་ལག་ཤེས་བཟོ་ལས་ཁེ་ལས་ཤིག་རེད། 2011ལོར་བཀྲ་ཤིས་སྐྱིད་ཚལ་གསེར་དངུལ་ཟངས་བཟོའི་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གསུམ་པའི་མིང་ཐོའི་ནང་བཅུག་པ་རེད།
འགོ་འཛིན་ལྷག་པ་ཆུང་བདག་ནི་མངོན་མིན་རིག་གནས་ཤུལ་བཞག་དེའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་རེད། ད་ཆ་ཁོང་གིས་ལག་ཤེས་པ་དང་དགེ་ཕྲུག་18ཀྱི་སྣེ་ཁྲིད་དེ་བཟོ་གྲྭ་དར་རྒྱས་ཆེན་པོ་བཏང་ཞིང་། 2024ལོར་བཟོ་པ་རེའི་ཟླ་རེའི་ཡོང་འབབ་ཆ་སྙོམས་སྒོར་7000ལྷག་ཙམ་ཟིན་པས། མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ལ་བརྟེན་ནས་ཐུན་མོང་ཐོག་ཕྱུག་འགྱུར་བྱུང་ཡོད།
ལྷག་པ་ཆུང་བདག་གིས། “བཀྲ་ཤིས་སྐྱིད་ཚལ་ནི་ཐོག་མར་བཀྲ་ཤིས་ལྷུན་པོ་དགོན་པའི་ཆེད་སྤྱོད་བཟོ་ཁང་ཡིན་པ་ནས་མང་ཚོགས་དཀྱུས་མར་འཚོ་བའི་མཁོ་ཆས་ལས་སྣོན་བྱེད་པའི་བར་འཕེལ་རྒྱས་ཕྱིན་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཁྲོམ་ར་དེ་བས་ཆེ་བ་འཚོལ་བཞིན་ཡོད། ད་ལྟ་ང་ཚོས་ཡུལ་སྐོར་དྲན་རྟེན་དངོས་རྫས་ཀྱང་ཞིབ་སྤེལ་གྱིས་བཟོས་ནས་ཡུལ་སྐོར་བར་བོད་ཀྱི་དྲན་རྟེན་དངོས་པོ་མཁོ་འདོན་བྱེད་བཞིན་ཡོད་”ཟེར།