གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་17ཉིན། 16:45】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་ཉེ་ཆར་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སྟག་མགོ་རིའི་ཆུ་མཛོད་ནས་པར་བརྒྱབ་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།
བོད་ལྗོངས་ལྷུན་གྲུབ་རྫོང་དུ་ཁྲུང་ཁྲུང་ཁྱུ་ཚོགས་ ཅི་དགར་རོལ། ལོ་ལྟར་དགུན་ཁ་འཆར་རིམ་བཞིན་ཁྲུང་ཁྲུང་སྐེ་ནག་ཁྱུ་འགྲིག་ནས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སྟག་མགོ་རིའི་ཆུ་མཛོད་དུ་དགུན་སྒྲོལ་དུ་ཡོང་གི་ཡོད་ཅིང་། སྟག་མགོ་རིའི་ཆུ་མཛོད་ཉེ་འཁོར་གྱི་འདམ་རྫབ་ཁུལ་དང་། མཚོ་མཚེའུ། གྲམ་ཐང་བཅས་ཀྱིས་ཁྲུང་ཁྲུང་སྐེ་ནག་ལ་དགུན་སྒྲོལ་གྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད།