འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་14ཉིན།

༄༅།།པའོ་ཐོའུ་ནས་དབྱིན་ཁྲོན་བར་གྱི་མྱུར་བགྲོད་ལྕགས་ལམ་ནང་སོག་དུམ་བུའི་ཟམ་ཕུག་ཚང་མ་སྦྲེལ་མཐུད་ཐུབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་14ཉིན། 10:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ཧུའུ་ཧོ་ཧའོ་ཐེ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ནང་སོག་ཝུའུ་ཧའེ་གྲོང་ཁྱེར་མངའ་ཁོངས་ཀྱི་པའོ་དབྱིན་མྱུར་བགྲོད་ལྕགས་ལམ་སྐྲུན་ཡུལ་དུ་ཕུག་མིག་གི་རིང་ཚད་ལ་སྨི་32.6དང་། ཞེང་ཚད་ལ་སྨི་12.2 ལྗིད་ཚད་ལ་ཏུན་714བཅས་ཡོད་པའི་སྒམ་གདུང་མཐའ་མ་དེ་ཧོ་ཡོན་གྲོང་ཚོའི་ཟམ་ཆེན་ཐོག་དལ་གྱིས་ཕབ་པ་དང་བསྟུན་ནས། པའོ་དབྱིན་མྱུར་བགྲོད་ལྕགས་ལམ་ནང་སོག་དུམ་བུའི་ཟམ་ཆེན་མཐའ་མ་བདེ་བླག་ངང་སྦྲེལ་མཐུད་ཐུབ་པ་དང་སྦྲགས། པའོ་དབྱིན་མྱུར་བགྲོད་ལྕགས་ལམ་ནང་སོག་དུམ་བུའི་ཟམ་གདུང་དང་ཟམ་ཕུག་ཚང་མ་ཁྱོན་ཡོངས་ནས་སྦྲེལ་མཐུད་དང་ཏལ་འབིགས་ཐུབ་པ་རེད།