གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་13ཉིན། 15:21】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་12ཉིན་ཨ་རི་ཕྱོགས་ནས་ཨ་རིར་ནང་འདྲེན་བྱེད་པའི་ངར་ལྕགས་དང་ཧ་ཡང་ཐོན་རྫས་ལ་སྒོ་ཁྲལ་འཕར་མ་25%བསྡུས་པའི་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་དེ་རིང་ཨ་རིར་ནང་འདྲེན་བྱེད་པའི་ངར་ལྕགས་དང་ཧ་ཡང་ཐོན་རྫས་ལ་སྒོ་ཁྲལ་འཕར་མ་25%བསྡུས་པར་ཀྲུང་གོ་ཕྱོགས་ཀྱིས་ཨ་ལན་གང་ཞིག་སློག་རྩིས་ཡོད་དམ། འཁོན་ལན་སློག་པའི་བྱེད་ཐབས་སྤྱོད་སྲིད་དམ་ཞེས་དྲིས།
མའོ་ཉིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་རིང་ལུགས་སྤེལ་བར་མདུན་ལམ་མེད་པ་དང་ཉོ་ཚོང་གི་འཐབ་མོ་དང་སྒོ་ཁྲལ་གྱི་འཐབ་མོར་རྒྱལ་ཁ་ཐོབ་མཁན་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་རེད་ཅེས་བཤད།
“ཨ་རིའི་བྱེད་སྟངས་དེ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ལམ་སྲོལ་དང་ཚབས་ཆེན་འགལ་བ་དང་། ལམ་སྲོལ་རྨང་གཞིར་བྱས་པའི་ཉོ་ཚོང་སྣ་མང་གི་ལམ་སྲོལ་ལས་ཚབས་ཆེན་འགལ་བས།” གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་མེད། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།