གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་13ཉིན། 14:14】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ས་མོ་ཡ་རང་བཙན་རྒྱལ་ཁབ་སྲིད་གཞུང་བར་ཕན་ཚུན་ཐོངས་མཆན་མེད་པ་བཟོ་བའི་སྐོར་གྱི་གྲོས་ཆོད》དེ་2025ལོའི་ཟླ་4ཚེས་2ཉིན་ནས་བཟུང་ནུས་པ་ཐོན་རྒྱུ་རེད།
གྲོས་ཆོད་ལྟར་ན། ནུས་ལྡན་གྱི་ཀྲུང་གོའི་ཕྱི་འབྲེལ་དང་གཞུང་དོན། སྤྱིར་བཏང་གི་གཞུང་དོན་། སྤྱིར་བཏང་གི་ལམ་ཡིག་དང་། ནུས་ལྡན་གྱི་ས་མོ་ཡའི་རང་བཙན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་དཔོན་པོ། སྤྱིར་བཏང་གི་ལམ་ཡིག་བཅས་ཡོད་པའི་སྤྱི་དམངས་རྣམས་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་རྒྱལ་ཁོངས་ནས་ཡོང་བ་དང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་ཚེ། འགྲོ་ཐེངས་གཅིག་ལ་ཉིན་30ལས་བརྒལ་མི་ཆོག་པ་དང་། ཉིན་180རེར་རིམ་རྩིས་བྱས་ན་ཉིན་90ལས་བརྒལ་མི་ཆོག འཐུས་མཆན་བཀོད་པའི་ལག་ཁྱེར་སྤྲོད་མི་ཆོག གལ་ཏེ་ཆིངས་ཡིག་འཇོག་མཁན་གི་མངའ་ཁོངས་སུ་གོང་གསལ་གྱི་འདུག་ཡུན་ལས་བརྒལ་བའམ་ཡང་ན་ཆིངས་ཡིག་འཇོག་མཁན་ཕྱོགས་གཞན་ཞིག་གི་མངའ་ཁོངས་སུ་ལས་ཀ་དང་སློབ་སྦྱོང་། གཞིས་ཆགས་པ། གསར་འགྱུར་ལས་དོན་སྒྲུབ་པ་སོགས་ལ་ངེས་པར་དུ་ཆིངས་ཡིག་འཇོག་མཁན་ཕྱོགས་གཞན་ཞིག་གི་གཙོ་གཉེར་སྡེ་ཁག་གིས་སྔོན་ལ་ཆོག་མཆན་སྤྲོད་དགོས་པའི་བྱེད་སྒོ་སྤེལ་དགོས་ན། རྒྱལ་ཁོངས་སུ་འཛུལ་ནས་ཆིངས་ཡིག་འཇོག་མཁན་ཕྱོགས་དང་གོང་ལ་དེ་མཚུངས་ཀྱི་ཐོངས་མཆན་རེ་ཞུ་བྱ་དགོས།