འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་12ཉིན།

༄༅།།སྐད་འཕྲིན་དུ་ནུས་པ་གསར་པ་ཞིག་ཐོན་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་12ཉིན། 16:04】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

སྐད་འཕྲིན་གྱི་གྲོགས་ཚོམས་སུ་སྐར་མ་5ཡི་བརྙན་ཐུང་བསྐུར་ཆོག ཤེས་རྟོགས་བྱུང་བར་གཞིགས་ན། སྐད་འཕྲིན་གྱི་གྲོགས་ཚོམས་ནང་དེ་སྔོན་རིང་ཚད་སྐར་ཆ་30ལས་ཐུང་བའི་བརྙན་ཐུང་མ་གཏོགས་བསྐུར་མི་ཐུབ་པ་དང་།བརྙན་གྱི་རིང་ཐུང་ཚད་བཀག་དེ་ལས་བརྒལ་ཚེ་སྔོན་ལ་བརྙན་དེ་བརྙན་ཐུང་སྟེགས་བུའི་ཐོག་བསྐུར་དགོས་པ་དང་། དེ་ནས་བརྙན་ཐུང་སྟེགས་བུ་བརྒྱུད་གྲོགས་ཚོམས་སུ་བསྐུར་དགོས། ད་ལྟ་གྲོགས་ཚོམས་སུ་བརྙན་ཐུང་བརྒྱུད་བསྐུར་བྱེད་པའི་དུས་ཡུན་རིང་ཚད་30sནས་300sབར་མང་དུ་བཏང་ཡོད། དྲ་གྲོགས་མི་ཉུང་བ་ཞིག་གིས་སྤྱོད་གོ་ཧ་ཅང་ཆོད་པའི་རྣམ་འགྱུར་བསྟན།