གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་11ཉིན། 14:12】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཕྱི་འབྲེལ་པུས། “ཐའེ་ཝན་ནི་ཀྲུང་གོའི་ཞིང་ཆེན་ཞིག་ཡིན་པའི་ངོས་ནས་རང་ཚུགས་ཀྱི་གོ་གནས་མེད་པ་” ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་རེད་ཅེས་བཤད།
ཚེས་10ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པའི་ཚོགས་འདུའི་ཐོག་མའོ་ཉིང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་ཆེད་དོན་སྒྲིག་གཞིས་ཐའེ་ཝན་སྐོར་གླེང་སྐབས་“ཀྲུང་གོའི་ཐའེ་ཝན་ཞིང་ཆེན་”ཞེས་པ་དེ་ཡིན། “ཀྲུང་གོའི་ཞིང་ཆེན་ཞིག་ཡིན་པའི་ངོས་ནས་ཐའེ་ཝན་ལ་རང་ཚུགས་ཀྱི་གོ་གནས་མེད་པ་”འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་ཡིན་པས། ཚང་མར་ཁུངས་འདེད་ས་ཡོད།
ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། གཟའ་འཁོར་གོང་མར་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚོགས་འདུ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་གསར་འགོད་པའི་ཚོགས་འདུའི་ཐོག་ཐའེ་ཝན་གྱི་གནད་དོན་སྐོར་གླེང་སྐབས་“མཉམ་འབྲེལ་རྒྱལ་ཚོགས་སུ་ཐའེ་ཝན་ཁུལ་ལ་མིང་གཅིག་ལས་མེད་པ་དེ་ནི“ཀྲུང་གོའི་ཐའེ་ཝན་ཞིང་ཆེན་”ཞེས་འདི་ཡིན་ཞེས་བཤད་པར་ང་ཚོ་དོ་སྣང་བྱུང་། ལྟ་ཚུལ་འདིའི་ཐོག་ནས་སྐམ་ས་ཆེན་མོས་ཐའེ་ཝན་ལ་འཛིན་པའི་སྲིད་ཇུས་སྔར་བས་བཙན་པོ་ཡིན་པ་མཚོན་གྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། མགྲིན་ཚབ་པས་ལྟ་ཚུལ་ཇི་ལྟར་འཛིན་གྱིན་ཡོད་ཅེས་དྲིས།
མའོ་ཉིང་གིས་1971ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྲོས་ཆོད་ཨང་2758པའི་ནང་། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་ཐའེ་ཝན་ནི་རྒྱལ་ཁབ་གཅིག་མིན། ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དང་མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་གོར་གདན་ཐོབ་གཅིག་ལས་མེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཁྲིམས་མཐུན་འཐུས་མི་གཅིག་པུ་ཡིན་པ་ཁ་གསལ་བཟོས་ཡོད། གྲོས་ཆོད་འདིའི་གཏན་འབེབས་ལ་བརྩི་སྲུང་ནན་པོར་བྱེད་ཆེད། མཉམ་འབྲེལ་རྒྱལ་ཚོགས་དང་དེའི་ཆེད་དོན་ལས་ཁུངས་ཀྱིས་ཐའེ་ཝན་སྐོར་གླེང་སྐབས་བཀོལ་བའི་མིང་ནི་ཀྲུང་གོའི་ཐའེ་ཝན་ཞིང་ཆེན་(Taiwan,Province of China)ཡིན། མཉམ་འབྲེལ་རྒྱལ་ཚོགས་དྲུང་ཡིག་ཁྲུའུ་བཅའ་ཁྲིམས་ལས་དོན་གཞུང་དོན་ཁང་གི་གཞུང་ཕྱོགས་ཀྱི་བཅའ་ཁྲིམས་བསམ་འཆར་ནི་“ཀྲུང་གོའི་ཞིང་ཆེན་ཞིག་ཡིན་པའི་ཐའེ་ཝན་ལ་རང་ཚུགས་ཀྱི་གནས་བབ་མེད་པ་”གསལ་པོར་བསྟན་ཡོད། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་ཡིན་པས། ཚང་མར་འདེད་ས་ཡོད་པ་རེད།
“ཐའེ་ཝན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཞིག་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་དང་‘དགུ་གཉིས་ཀྱི་ཐུན་མོང་ངོས་འཛིན་་’མཐའ་འཁྱོངས་བྱས་ཏེ། ལྷག་བསམ་ཆེ་ཤོས་དང་འབད་བརྩོན་ཆེ་ཤོས་ཀྱི་ཐོག་ནས་ཞི་བདེའི་གཅིག་གྱུར་གྱི་མདུན་ལམ་བརྩོན་ལེན་བྱེད་འདོད་ཡོད། དེ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པ་དང་། ‘ཐའེ་ཝན་རང་བཙན་’གྱི་ཁ་བྲལ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་་་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་རེད་ཅེས་བཤད།