གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་11ཉིན། 14:12】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ད་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་“བུ་བཙའ་གསོ་བར་ཁ་གསབ་”དགོས་པའི་གྲོས་འགོ་བཏོན་ཡོད་ཅིང་། དེའི་ཐད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཧྥུ་ཏན་སློབ་ཆེན་ཧྲང་ཧའེ་གསོ་རིག་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀྲུའུ་ཐུང་ཡུས་ཀྱིས་རྒྱལ་ཁབ་རིམ་པའི་བུ་བཙའི་རོགས་སྐྱོར་ཐེབས་རྩ་བཙུགས་ནས། ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པ་དང་མ་དངུལ་ཡོང་ཁུངས་སྣ་མང་ཅན་གྱི་བུ་བཙའ་གསོ་སྐྱོང་གི་ཁ་གསབ་ལམ་ལུགས་འཚོལ་ཞིབ་བྱེད་པ་དང་འབྲེལ་གཙོ་གནད་ས་ཁོངས་དང་གཙོ་གནད་མི་ཚོགས་ལ་གཟིགས་སྐྱོང་དགོས་པའི་གྲོས་འགོ་བཏོན་པ་རེད།
ཁོང་གིས། དེང་དུས་ས་གནས་ཁག་གི་བུ་བཙའ་གསོ་སྐྱོང་གི་ཁ་གསབ་མང་ཆེ་བ་ནི་ཐེངས་གཅིག་གི་ཁ་གསབ་ཡིན་པ་མ་ཟད། མང་ཆེ་བ་བུ་བཙའ་གཉིས་པ་དང་གསུམ་ཡོད་པའི་ཁྱིམ་ཚང་ལ་དམིགས་པ་ཡིན་པས། བུ་བཙའི་ཁ་གསབ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གྲོང་ཁྱེར་རིམ་པ་དང་པོ་དང་ནོར་སྲིད་འདང་ངེས་དང་ཕྲུ་གུ་སྐྱེ་ཚད་ཉུང་ཁུལ་དུ་ཕྲུ་གུ་གཅིག་གི་བུ་བཙོའི་ཁ་གསབ་སྔོན་ལ་ཚོད་ལྟ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད། དེ་དང་ཆབས་ཅིག་ད་དུང་བུ་བཙའི་ལོ་ཚད་ལོན་པའི་བུད་མེད་ལ་ལས་ཞུགས་མཐུན་ཤས་ཆེ་ཚད་དང་སྤྱི་ཚོགས་ཀྱི་བུ་བཅོལ་ཞབས་ཞུ་མཁོ་སྤྲོད་མང་དུ་བཏང་ནས། བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་གནས་དམའ་རུ་ནུས་ལྡན་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་བུ་བཙར་བརྩི་བཀུར་དང། རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་གཏོད་དགོས་ཞེས་གསུངས།