གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་10ཉིན། 14:15】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་པུའུ་ཀྲང་གིས། “ཁང་པ་ཡག་པོ་”འཛུགས་སྐྲུན་དང་ཁྱབ་གདལ་ཤུགས་ཆེན་གཏོང་དགོས་ལུགས་གླེང་།
ཟླ་3ཚེས་9ཉིན། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་པུའུ་ཀྲང་ཉི་ཧུང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་དམངས་འཚོའི་རྗོད་དོན་གཙོ་བོའི་གསར་འགོད་པའི་ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་སྡོད་ཁང་གི་དགོས་མཁོ་དང་འཚམ་པ་དང་ཚད་གཞི་འཐུས་ཚང་དུ་བཏང་སྟེ། བདེ་འཇགས་དང་། གནས་ཟོས་བདེ་བ། གནོད་མེད། བློ་རིག་བཅས་དང་ལྡན་པའི་“ཁང་པ་ཡག་པོ་”སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་གཙོ་གནད་ཐོག་ཕྱོགས་གསུམ་གྱི་ཐོག་ནས་དོན་འཁྱོལ་དམ་འཛིན་བྱ་རྒྱུ་རེད།
དང་པོ། ཚད་གཞི་བཟོ་དགོས། ཉེ་ཆར། སྡོད་ཁང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས། “ཁང་པ་ཡག་པོ”སྐྲུན་རྒྱུའི་ཕྱོགས་སྟོན་སྒྲིག་འཛུགས་དང་སྡོད་ཁང་རྣམ་གྲངས་ཀྱི་ཚད་གཞིར་བཟོ་བཅོས་རྒྱག་བཞིན་ཡོད། དེའི་ནང་གི་རྣམ་གྲངས་གཅིག་ནི་སྡོད་ཁང་གི་མཐོ་ཚད་སྨི་3ལས་མི་དམའ་བར་མཐོ་རུ་གཏོང་རྒྱུ་དེ་རེད།
གཉིས་པ། ཚན་རྩལ་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་གཅིག་ནས་དམངས་ཕན་དངོས་སྤྱོད་ཀྱི་ལག་རྩལ་གསར་པ་དང་། རྒྱུ་ཆ་གསར་པ། བཟོ་རྩལ་གསར་པ། ཐོན་རྫས་གསར་པ་བཅས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། སྒྲ་འགོག་ཞན་པ་དང་། འཛག་པ། གས་པ། དྲི་འགོག་སོགས་ཚང་མས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱ་རྒྱུ་ཡིན་པ་རེད། ཕྱོགས་གཞན་ཞིག་ནས་ཁང་པ་ཡོངས་ཀྱི་རིག་ནུས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
གསུམ་པ། རྣམ་གྲངས་དམ་འཛིན་བྱེད་དགོས། གྲོང་ཁྱེར་དང་ཁེ་ལས་ཀྱིས་“ཁང་པ་ཡག་པོ”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། “ཁང་པ་ཡག་པོ”ཁྱབ་གདལ་ཤུགས་ཆེན་གཏོང་རྒྱུ་རེད།