གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་10ཉིན། 14:13】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་9ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་གསར་འགོད་པའི་ཚོགས་འདུ་འཚོགས་སྐབས་དམངས་སྲིད་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་སྡེ་ཚན་བཞིའི་འགན་འཁུར་བས་འབྲེལ་ཡོད་གནད་དོན་ཐད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལེ་ཧའེ་ཁྲའོ་ཡིས་ངོ་སྤྲོད་བྱས་དོན། 2024ལོར་ཀྲུང་གོའི་གྲོང་མིའི་ཚེ་ཚད་ལོ་79རུ་གསོན་རེ་ཡོད་པ་དེ་2023ལོ་ལས་ལོ་0.4ཇེ་མཐོར་སོང་སྟེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི་”རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དམིགས་ཚད་གཏན་འཁེལ་བྱས་པའི་འབད་བརྩོན་གྱི་ཁ་ཕྱོགས་སྔོན་ལ་མངོན་འགྱུར་བྱུང་ཡོད། 2024ལོའི་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་དེ་2019ལོ་ལས་ལོ་1.7ཇེ་མཐོར་ཕྱིན་པ་དང་། ལོ་ལྔའི་རིང་ལ་ལོ་1.7ཇེ་མཐོར་ཕྱིན་པ་དེའང་ལེགས་བཅོས་ཀྱི་མྱུར་ཚད་ཧ་ཅང་ཡག་པོ་ཞིག་རེད། པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ། ཧྲན་ཏུན། ཅང་སུའུ། ཀྲེ་ཅང་། ཀོང་ཏུན། ཧའེ་ནན་བཅས་ཞིང་ཆེན་དང་གྲོང་ཁྱེར་བརྒྱད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཐག་ལོ་80ལས་བརྒལ་ཡོད།