གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་10ཉིན། 14:05】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་ཧྥོང་ཧོང་སྲུང་སྐར་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས(མདུན་གྲལ་གཡོན་གྱི་བཞི་པ)དྲི་བ་འདོན་བཞིན་པ།
ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི་བྱེད་སྒོ་སྤེལ་ཞིང་། ས་གནས་ས་ཐོག་ཏུ་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གསར་འགོད་པ་90ལྷག་ཙམ་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི་བྱེད་སྒོར་ཞུགས་ཡོད།
འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་ཆུང་ལགས(གཡས)རང་གནས་སའི་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་བཞིན་པ།
འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་གསར་འགྱུར་བཅར་འདྲིའི་བྱེད་སྒོར་ཞུགས་རྗེས་མཉམ་པར་བསྐྱོན་བཞིན་པ།