འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་10ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འཆི་བདེ་ཡིས་གསུངས་དོན། མཛེས་མཐུན་རྣམ་པའི་གྲོང་གསེབ་ཀྱི་འཆར་གཞི་གསར་པ་འགོད་ཀྱི་ཡིན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་10ཉིན། 13:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ནི་འཆི་བདེ་ཡིས་ཚོགས་རའི་ཕྱི་རུ་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།

འདི་ནི་འཆི་བདེ་ཡིས་ཚོགས་རའི་ཕྱི་རུ་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།

“བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་ཉིན་རེ་བཞིན་འགྱུར་ལྡོག་གསར་པ་བྱུང་བཞིན་ཡོད་ཅེས་བརྗོད་ཆོག ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཏེ་སྔོ་ཚལ་སོས་པ་ཟ་རྒྱུ་བྱུང་བ་དང་། བློ་བདེའི་ཆུ་འཐུང་རྒྱུ་བྱུང་བ། བདེ་འཇགས་ཀྱི་གློག་སྤྱོད་རྒྱུ་བྱུང་བ། འབྱོར་འབྲིང་ཁང་པར་སྡོད་རྒྱུ་བྱུང་བ། ཨར་འདམ་ལམ་དུ་འགྲོ་རྒྱུ་བྱུང་བ་སོགས་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད”ཅེས་ཕ་ཡུལ་གྱི་དགའ་འོས་པའི་འགྱུར་ལྡོག་སྐོར་གླེང་སྐབས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བྱ་མང་ཤང་ཕོ་རོང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཆི་བདེ་ཡིས་འཛུམ་མདངས་འཕྱུར་བཞིན་གསུངས།

ལོ་མང་རིང་། འཆི་བདེ་ཡིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་ནས་མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་བསྒྲུབས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་ཀྱི་ཡོད།

ན་ནིང་ཚུན། འཆི་བདེ་ཡིས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་དམིགས་བསལ་དོ་ཁུར་གནང་སྟེ་གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་ནས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་། མང་ཚོགས་ཞུགས་པ། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད། པེ་ཅིང་དུ་ཚོགས་འདུར་མ་ཕེབས་གོང་། རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་ཐེངས་གསུམ་པ་ཡིན་པའི་འཆི་བདེ་ཡིས་སྔར་བཞིན་གཞི་རིམ་དུ་ཕེབས་ཏེ་བརྟག་ཞིབ་དང་བཅར་འདྲི་ཡང་ཡང་གནང་ནས། དམངས་ཀྱི་བསམ་འདུན་རྒྱུན་ཆད་མེད་པར་བསྡུ་རུབ་བྱས་ཏེ་ཚོགས་ཞུགས་འགན་སྒྲུབ་བྱ་ཆེད་གྲ་སྒྲིག་ཡག་པོ་གནང་ཡོད།

“ཐེངས་འདིའི་ཚོགས་འདུ་གཉིས་རིང་ངས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ནན་ཏན་ཉན་ནས་སྲིད་ཇུས་ལས་མི་དམངས་ལ་ཕན་པ་དེ་བས་ཡག་པོ་ཐོབ་པར་བྱེད་ཀྱི་ཡིན་ལ། མང་ཚོགས་ཀྱི་བསམ་འདུན་བརྒྱུད་སྤྲོད་བྱེད་མཁན་ཡག་པོ་ཞིག་བྱས་ནས་མི་དམངས་ཀྱི་བསམ་འདུན་གོང་ཞུ་བདེ་བླག་ཐུབ་པར་བྱེད་ཀྱི་ཡིན”ཞེས་འཆི་བདེ་ཡིས་གསུངས།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)