ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་10ཉིན། 10:06】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་8ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་དང་པོ་ཚེས་8ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་བཅས་ཡིན་པའི་ལིའུ་ཆི་ཡིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་བཟོ་བཅོས་རྒྱག་ཚུལ་སྐོར་གྱི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་སྙན་སེང་གསན་པ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་ལ་གྲོས་ཞིབ་གནང་བ་རེད།
ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲུང་ཧྲན་གྱིས་གནང་བའི་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་ཀྱི་སྙན་སྒྲོན་གྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྙན་སེང་གསན་པ་དང་ཞིབ་བཤེར་བྱས་འབྲས་ཀྱི་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།
ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཞུས་ཧུང་ཚའེ་ཡིས་གནང་བའི་2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་ཀྱི་སྙན་སྒྲོན་གྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྙན་སེང་གསན་པ་དང་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།
ཚོགས་འདུའི་ཐོག ལིའུ་ཆི་ཡིས་གནང་བའི་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་གྲོད་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་དང་། 2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ཀྱི་གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་སྐོར་གྱི་ཚོགས་ཆེན་དྲུང་ཡིག་ཁྲུའི་སྙན་སེང་གསན་པ་དང་གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་གཉིས་ལ་གྲོས་ཞིབ་གནང་བ་རེད།
ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཤིན་ཁྲུན་དབྱིང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་པ་དང་འཐུས་མིའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབ་འཆར་ཟིན་ལ་གྲོས་ཞིབ་གནང་བ་རེད།
ཚོགས་འདུའི་ཐོག གོང་གསལ་གྱི་འཆར་ཟིན་དང་སྙན་སྒྲོན་སོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ཚོགས་འདུར་བརྡས་ཐག་བཅད་པ་བརྒྱུད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན་དང་འཆར་གཞི། སྔོན་རྩིས་སྙན་སྒྲོན་དང་སྔོན་རྩིས་བཅས་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་འཆར་ཟིན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་སོགས་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུར་ཞུགས་དགོས་པའི་འཐུས་མི་176ཡོད་པ་དང་། དངོས་སུ་ཞུགས་མཁན་འཐུས་མི་172དང་། ཞུགས་མི་ཐུབ་པའི་འཐུས་མི་4ཡོད་པ་དེ་ཚོགས་འདུར་ཞུགས་པའི་མི་གྲངས་ཀྱི་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
ཟླ་3ཚེས་5ཉིན་གྱི་ཕྱི་དྲོ་དང་ཚེས་6ཉིན་གྱི་སྔ་དྲོར། འཐུས་མི་ཚོགས་པ་ཁག་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་བྱས་ཤིང་། འཐུས་མི་ཚོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། འདི་ལོའི་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལ་ཡོངས་སུ་མོས་མཐུན་གནང་བ་རེད། གྲོས་ཞིབ་གནང་སྐབས་འཐུས་མི་ཚོས་བསམ་འཆར་དང་གྲོས་འགོ་ཁ་ཤས་བཏོན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་དང་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་གཞིར་བཟུང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བཟོ་བཅོས་བརྒྱབ་པ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་དང་སྙན་སྒྲོན་ལ་བཟོ་བཅོས་བརྒྱབ་པ་གཞིར་བཟུང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་པ་མ་ཟད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་ཚབ་བྲིས་བྱས་པ་རེད། ཚོགས་འདུར་བརྡས་ཐག་བཅད་པ་བརྒྱུད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲུང་ཧྲན་གྱིས་ཚོགས་འདུར་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གནང་བ་རེད། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་2024ལོའི་འཆར་གཞི་ལག་བསྟར་བྱས་ཚུལ་སྤྱི་ཡོངས་ནས་ཡག་པོ་བྱུང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་2025ལོའི་འཆར་གཞི་བཀོད་སྒྲིག་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དང་མཐུན་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་མཐུན་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ཀྱི་བླང་བྱ་དང་མཐུན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ། སྤྱི་ཡོངས་ཀྱི་བླང་བྱ་དང་། དམིགས་ཚད་དང་ལས་འགན་གཙོ་བོ། གཞི་ཆེའི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་ཞིབ་ཕྲའི་བྱེད་ཐབས་བཅས་གཞི་རྩའི་ཆ་ནས་མཐུན་སྦྱོར་དང་སྙོམས་སྒྲིག་ཐུབ་སྟེ་སྤྱི་ཡོངས་ནས་ལག་བསྟར་ཆོག་པ་ཞིག་ཡོད་པའི་ངོས་འཛིན་བྱས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི《2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན》ལ་ཆོག་མཆན་སྤྲོད་རྒྱུ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཞུས་ཧུང་ཚའེ་ཡིས་ཚོགས་འདུར་2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གནང་བ་རེད། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་2024ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་སྤྱི་ཡོངས་ནས་ཡག་པོ་བྱུང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་2025ལོའི་སྔོན་རྩིས་སྙན་སྒྲོན་དང་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དང་མཐུན་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་མཐུན་པ། ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་དང་སྤྱི་ཁོག་སྙོམས་སྒྲིག་གི་སྤྱིའི་བླང་བྱ་དང་མཐུན་པ། གཏོང་ཡོང་སྲིད་ཇུས་གཙོ་བོ་གཞི་རྩའི་ཆ་ནས་མཐུན་སྦྱོར་དང་སྙོམས་སྒྲིག་ཐུབ་ཡོད་པ་དང་འཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་དབྱེ་ཞིབ་ནན་ཏན་བྱས་པ་དང་། ལས་དོན་ཡག་པོ་སྒྲུབ་པའི་ཐད་བབ་བསྟུན་བཀོད་སྒྲིག་བྱུང་བ་བཅས་སྔོན་རྩིས་ཀྱི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་པས་སྤྱི་ཡོངས་ནས་ལག་བསྟར་ཆོག་པ་ཞིག་ཡོད་པའི་ངོས་འཛིན་བྱས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི《2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན》ལ་ཆོག་མཆན་སྤྲོད་རྒྱུ་དང་2025ལོའི་ཀྲུང་དབྱང་གི་སྔོན་རྩིས་འཆར་ཟིན་ལ་ཆོག་མཆན་སྤྲོད་རྒྱུ་དང་ཆབས་ཅིག་2025ལོའི་ས་གནས་སྲིད་གཞུང་གི་སྤྱིར་བཏང་བུ་ལོན་གྱི་བཅད་གྲངས་དང་ཆེད་དོན་བུ་ལོན་གྱི་བཅད་གྲངས་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་པ་རེད།
ཚོགས་འདུར་བརྡས་ཐག་བཅད་པ་བརྒྱུད། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་སྒྲོན་གཉིས་ལ་གྲོས་འཆམ་བྱུང་བ་རེད།
ཟླ་3ཚེས་6ཉིན་གྱི་ཕྱི་དྲོ་དང་ཚེས་7ཉིན་གྱི་སྔ་དྲོར། འཐུས་མི་ཚོགས་པ་ཁག་གིས་འཆར་གཞིའི་སྙན་སྒྲོན་དང་འཆར་གཞིའི་འཆར་ཟིན། སྔོན་རྩིས་སྙན་སྒྲོན་དང་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་ནན་ཏན་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་ཚོའི་ཞིབ་བཤེར་བསམ་འཆར་གཞིར་བཟུང་། འཆར་གཞིའི་སྙན་སྒྲོན་དང་འཆར་གཞིའི་འཆར་ཟིན་དང་། སྔོན་རྩིས་སྙན་སྒྲོན་བཅས་ལ་བཟོ་བཅོས་བརྒྱབ་པ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོའི་ཞིབ་བཤེར་བསམ་འཆར་དང་། སྙན་སྒྲོན་དང་འཆར་ཟིན་ལ་བཟོ་བཅོས་རྒྱག་ཚུལ། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་ཀྱི་སྙན་སྒྲོན་བཅས་གཞིར་བཟུང་། འཆར་གཞིའི་སྙན་སྒྲོན་དང་འཆར་གཞིའི་འཆར་ཟིན་དང་དེ་བཞིན་སྔོན་རྩིས་སྙན་སྒྲོན་དང་ཀྲུང་དབྱང་གི་སྔོན་རྩིས་འཆར་ཟིན་བཅས་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་པ་མ་ཟད། འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན་དང་སྔོན་རྩིས་སྙན་སྒྲོན་དང་སྔོན་རྩིས་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་གཉིས་ཚབ་བྲིས་བྱས་པ་རེད། ཚོགས་འདུར་བརྡས་ཐག་བཅད་པ་བརྒྱུད། 2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་། 2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
ཟླ་3ཚེས་7ཉིན་གྱི་ཕྱི་དྲོར། འཐུས་མི་ཚོགས་པ་ཁག་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་ཀྱི་དག་བཅོས་འཆར་ཟིན་ལ་གྲོས་ཞིབ་ནན་ཏན་བྱས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་གཞིར་བཟུང་། དག་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་འཐུས་མིའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་བཏོན་ཡོད། ཀྲུའུ་ཞི་ཚོགས་པའི་ཚོགས་འདུར་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཤིན་ཁྲུན་དབྱིང་གིས་གནང་བའི་འཐུས་མིའི་བཅའ་ཁྲིམས་དག་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་པ་རེད། ཚོགས་འདུར་བརྡས་ཐག་བཅད་པ་བརྒྱུད། གྲོས་ཞིབ་བྱས་འབྲས་ཀྱི་སྙན་སྒྲོན་དང་འཐུས་མིའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་འཆམ་བྱས་པ་དང་། འཐུས་མིའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།