འདི་ག་ཚགས་པར་གྱི་གསར་འགོད་པ། ཏུའུ་ཧྲང་ཙེ། ཝང་ཀྲོའུ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་10ཉིན། 10:04】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
དུས་ཚོད། ཟླ་3ཚེས་6ཉིན་གྱི་ཕྱི་དྲོ།
ཉིན་རེའི་ལས་རིམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་པའི་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ། སློབ་གསོའི་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་པ་མ་ཟད། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཡང་ཞུགས་པ་རེད།
སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་ཡིན་ལ། ཏང་གི་ཇུས་ཆེན་ཡང་ཡིན།
“ད་ཆ་ཁྱིམ་ཚང་ཚང་མས་སློབ་གསོར་དོ་ཁུར་བྱས་ནས་གླེང་མང་བའི་གནད་དོན་མང་པོ་ཡོད་པ་ལས་སློབ་གསོར་འཛིན་པའི་རྣམ་པ་ཟབ་མོ་ཞིག་མངོན་པ་གསལ་བཤད་ཐུབ་ལ། ང་ཚོའི་སློབ་གསོ་འདི་མི་དམངས་ཀྱི་རེ་སྒུག་དང་ཡང་ད་དུང་ཧེ་བག་འགའ་ཡོད་པའང་མཚོན་ཐུབ”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གཟབ་བཞེས་ངང་གསུངས་པ་དང་། ཁོང་གིས་ཤེས་ལྡན་པ་གསོ་སྐྱོང་དང་དོན་དངོས་ཀྱི་དགོས་མཁོ་དང་འཚམ་པར་བྱེད་པའི་གནད་དོན་ནས་འགོ་བརྩམས་དགོས་ཞེས་གསུངས།
དྲི་བ་དྲིས་ལན་ལས་བསམ་བློ་གཏོང་རིན་ཡོད་པའི་ཚིག་ནི“འགྱུར་ལྡོག་གཏོང་བ”ཞེས་པ་དེ་ཡིན།
ཧོ་པེའི་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་ནས་ཡིན་པའི་ཨུ་ཡོན་ཀྲང་ཡུན་ཁའེ་ཡིས་གཏམ་བཤད་སྤེལ་རྗེས། སྤྱི་ཁྱབ་ཧྲུའུ་ཅིས་སློབ་མ་ལས་ཞུགས་ཐུབ་ཚད་དང་། ཉེ་དུས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི“མངཌ་ཐོའི་འཛིན་གྲྭའི”གནས་ཚུལ་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་ནས། ཁོང་གིས་ཤེས་ལྡན་པ་མཁོ་སྤྲོད་ཀྱི་འགྱུར་ལྡོག་དང་ལས་རིགས་སློབ་གྲྭའི་ངེས་གནས་སྐོར་ནས་གསུངས་དོན། “ཤེས་ལྡན་པར་མཁོ་སྤྲོད་འབྲེལ་བའི་འགྱུར་ལྡོག་ཅིག་ཡོད། སློབ་གསོས་སྔོན་ལ་བསམ་བློ་འཁོར་བ་དང་། མདུན་དུ་སླེབས་པར་བྱེད་དགོས” ཁོང་གི་བཀའ་མོལ་ལས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་དགོངས་པ་མཚོན་པ་སྟེ། “ཡིན་ནའང་སྐད་ཆ་ཚིག་རེ་གཉིས་ཀྱིས་ལམ་སེང‘འགྱུར་ལྡོག་གཏོང’ཐུབ་པ་མིན་པར‘ལོ་ལྔའི་འཆར་གཞི’རེ་གཉིས་རིང་། གཞི་ནས་འཚམ་སྒྲིག་བྱེད་ཐུབ་པ་མ་ཟད། ལག་ལེན་བསྟར་རིང་ཕྱོགས་མང་པོ་ནས་བསམ་གཞིག་བྱེད་དགོས་པ་ཡིན། ད་ལྟ་ནས་འཆར་གཞི་མ་བཀོད་ཚེ། སྐབས་དེ་དུས་ཕྱིས་དྲགས་པ་རེད”
ཁོང་གི་བཀའ་མོལ་ལས་བསྡུར་བ་ཁ་གསལ་པོ་ཞིག་བཏང་གནང་བ་སྟེ། “སློབ་གྲྭ་ཡག་པོ་གཉེར་ཐུབ་མིན་ནི་ཐོག་བརྩེགས་ཁང་ཆེན་ཁོ་ནར་མི་ལྟ་བར་ད་དུང་སློབ་དཔོན་ཆེ་མོར་ཡང་ལྟ་དགོས་པ་ཡིན”
སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་ནས་ཡིན་པའི་ཨུ་ཡོན་ཚའེ་ཀོང་ཅེ་ཡིས། ཉེ་བའི་ལོ་ཤས་རིང་མི་འབོར་གྱི་ཁྱབ་ཚུལ་གཙོ་བོ་གྲོང་ཁྱེར་ལ་ཕྱོགས་པ་དང་། སློབ་ལོན་གྱི་མི་འབོར་སྐས་རིམ་བཞིན་ཆག་འགྲོ་བ། གནད་དོན་གསར་པ་ཁག་གཅིག་སྟེ་དཔེར་ན། སློབ་གནས་སྤྲོད་རྒྱུ་མང་དྲགས་པ་དང་ཁ་ཐང་བ་མཉམ་དུ་གནས་པ་དང་། དགེ་རྒན་གྱི་དཔུང་ཁག་གྲུབ་ཆ་དོ་མི་སྙོམས་པ་སོགས་ཀྱི་སྐོར་གླེང་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅིས“དེང་རབས་ཅན་གྱི་དགོས་མཁོར་དམིགས་ཏེ་མི་འབོར་གྱི་གྲུབ་ཚུལ་འགྱུར་ལྡོག་དང་འཚམ་པར་བྱས་ཏེ་རྨང་གཞིའི་སློབ་གསོ་དང་། མཐོ་རིམ་སློབ་གསོ། ལས་རིགས་སློབ་གསོ་བཅས་དང་དེ་བཞིན་སྲིད་གཞུང་གི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་ལ་སྤྱི་འདོམས་བྱས་ནས་སྔར་བས་ལུགས་མཐུན་དང་ནུས་ཆེའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་ཕུགས་ལ་དགོངས་པ་ཟབ་མོ་བཞེས་བཞིན་དུ་གསུངས།
འབོར་ཚད་དང་སྤུས་ཚད་གཉིས་རྩོད་སྒྲུབ་ངང་ལག་ལེན་ཇི་ལྟར་བསྟར་བ་དང་། དུས་ཚོད་དང་ཕན་འབྲས་ལ་གོ་རིམ་ལྡན་པའི་མཐུན་སྦྱོར་ཇི་ལྟར་བྱེད་པའི་ཐད་ལ། “སློབ་གྲྭ་ཁག་གཅིག་གིས་སློབ་ཁང‘རྫིག་པོ’ཞིག་བརྒྱབ་ནའང་། སློབ་གྲྭ་ཡག་པོ་གཉེར་མིན་ཐོག་བརྩེགས་ཁང་ཆེན་ཁོ་ནར་མི་ལྟ་བར་སློབ་དཔོན་ཆེ་མོར་ལྟ་དགོས་པ་མ་ཟད། སྤུས་ཚད་མཐོ་རུ་བཏང་ནས་ནང་དོན་ལྡན་པའི་འཕེལ་རྒྱས་བཏང་སྟེ་ད་ལྟ་ལྷག་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་ཡིན”ཞེས་གསུངས།
གནད་དོན་ནི་དུས་རབས་ཀྱི་འབོད་སྒྲ་ཡིན་པས། སློབ་གསོའི་གནད་དོན་ལ་ཕྱོགས་གཉིས་དང་། རྩོད་སྒྲུབ། ཕུགས་རིང་བཅས་ནས་ལྟ་དགོས། “འདི་དག་ནི་ཡར་རྒྱས་གཏོང་རིང་གི་འགྱུར་ལྡོག་ལས་བྱུང་བའི་གནད་དོན་གསར་པ་ཞིག་ཡིན་པས། གནད་དོན་ཐག་གཅོད་ཀྱི་བརྒྱུད་རིམ་དེའང་འཕེལ་རྒྱས་མདུན་སྐྱོད་ཀྱི་བརྒྱུད་རིམ་ཞིག་ཀྱང་ཡིན”
“ངེད་ཚོའི་སློབ་གསོའི་བརྒྱུད་རིམ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་ལས་ཟིལ་རླབས་དགུང་འཕྱུར་གྱི་ཀྲུང་གོའི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་རྒྱུས་མཛེས་རིས་ངང་གིས་མངོན་ཡོད།
“དུས་རབས་གསར་པའི་རྒྱང་ལམ་གསར་པར་ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ལ་བཏོན་པའི་དགོས་མཁོ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་ཚན་རྩལ་དང་ཤེས་ལྡན་པར་སློབ་གསོས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཤེས་ལྡན་པ་འབོར་ཆེན་ཐོན་པ་དང་། མི་ཚང་མས་ནུས་པ་གང་ཡོད་འདོན་པ། ཤེས་ལྡན་པ་གང་ལེགས་སྤྱོད་པ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་སྔར་བས་ཆགས་པ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་སྒྲ་ཚོགས་ར་ཡོངས་སུ་གྲགས་པ་རེད།