གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་10ཉིན། 10:01】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། “གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བའི་ཀྲུང་ཕྱིའི་བུད་མེད་ཀྱི་སྣེ་ལེན་ཚོགས་འདུ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་རེད། རྒྱལ་དོན་ཨུ་ཡོན་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲེན་དབྱི་ཆིན་གྱིས་ཤིས་ཚིག་གསུངས་པ་རེད།
ཧྲེན་དབྱི་ཆིན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་བུད་མེད་ལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་ནས་སེམས་གཏིང་ལ་ཟུག་པའི་དྲོ་སྐྱིད་དང་སྟོབས་ཤུགས་བརྒྱུད་སྤྲོད་གནང་ཡོད། ཀྲུང་གོའི་བུད་མེད་དུང་ཕྱུར་མང་པོས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དེ་རྒྱང་ལམ་གསར་པར་འབད་འཐབ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་རྒྱུན་ཆད་མེད་པར་བུད་མེད་ཀྱི་ལེའུ་གསར་པ་རྩོམ་དགོས།
ཧྲེན་དབྱི་ཆིན་གྱིས་གསུངས་དོན། འདི་ལོ་ནི་པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་འཚོགས་ནས་ལོ་30འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཧྲུའུ་དང་མཉམ་འབྲེལ་ཐོག་པེ་ཅིང་དུ་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་དབུ་ཚོགས་འཚོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་དུས་རབས་གསར་པའི་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་འཆར་གཞི་ཆེན་པོར་ཐུན་མོང་ཐོག་གྲོས་མོལ་བྱ་རྒྱུ་ཡིན། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་བུད་མེད་ཡོད་ཚད་དང་མི་ཚང་མར་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མཉམ་སྐྲུན་མཉམ་སྤྱོད་བྱེད་འདོད་ཡོད།
ཐེ་ཉིང་དང་། ཧྲེན་གཡོད་གཡོད། ཞན་ཧུའེ། ཆིན་པོ་ཡུང་བཅས་སྣེ་ལེན་ཚོགས་འདུར་ཞུགས་པ་རེད།
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོང་ཞའོ་ཝུའེ་ཡིས་སྣེ་ལེན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན་ཁག་གཅིག ལས་རིགས་ཁག་དང་། མི་རིགས་ཁག རིགས་ཁོངས་ཁག་བཅས་ཀྱི་ཕུལ་བྱུང་བུད་མེད་ཀྱི་འཐུས་མི། ཤང་ཀང་དང་ཨའོ་མོན་གྱི་བུད་མེད་ལས་རིགས་ཁག་གི་འཐུས་མི། ཀྲུང་གོར་བཅའ་སྡོད་གཞུང་ཚབ་དང་ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་ཁག་གཅིག་བཅས་དང་དེ་བཞིན་ཀྲུང་ཕྱིའི་སྐུ་མགྲོན་ཆིག་སྟོང་ལྷག་ཙམ་སྣེ་ལེན་ཚོགས་འདུར་ཞུགས་ནས་པ་ལེ་ཞབས་བྲོའི་ཟློས་གར《གསར་བརྗེའི་བུད་མེད་དམག》མཉམ་གཟིགས་གནང་བ་རེད།