གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་09ཉིན། 13:38】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་8ཉིན། པེ་ཅིང་སློབ་ཆེན་གྱིས་2025ལོར་སློབ་གྲྭས་དངོས་གཞིའི་ཚན་ཁག་གི་སློབ་མ་མི་གྲངས་150མང་དུ་བསྡུ་ནས་རྒྱལ་ཁབ་ལ་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
གསར་འགོད་པས་པེ་ཅིང་སློབ་ཆེན་ནས་ཤེས་རྟོགས་བྱས་པར་གཞིགས་ན། མང་བསྡུ་འཆར་གཞིའི་ནང་གཙོ་བོ་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་དང་རྨང་གཞིའི་རིག་ཚན། གསར་དར་ཁྱབ་ཁོངས་བཅས་ལ་དམིགས་ནས་སློབ་གྲྭའི་འཆར་འགོད་འཕེལ་རྒྱས་ཁ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ། པེ་ཅིང་སློབ་ཆེན་གྱི་ལེགས་ཆ་དང་པེ་ཅིང་སློབ་ཆེན་གྱི་ཁྱད་ཆོས་མངོན་གསལ་དོད་དུ་བཏང་སྟེ། གཙོ་བོ་ཡོན་ཕེ་སློབ་གླིང་དང་ཆ་འཕྲིན་ཚན་རིག་ལག་རྩལ་སློབ་གླིང་། བཟོ་ལས་སློབ་གླིང་། ནད་ཐོག་གསོ་རིག་ཆེད་ལས་བཅས་ལ་བརྟེན་ནས་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།
པེ་ཅིང་སློབ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་ཉེ་བའི་ལོ་ཤས་རིང་སློབ་གྲྭས་ཀུན་སྤྱོད་གསོ་སྐྱོང་དང་མི་གསོ་སྐྱོང་གི་རྩ་བའི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཡོན་ཕེ་སློབ་གླིང་གི་སློབ་གཉེར་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་ཆ་འཕྲིན་ཚན་རིག་ལག་རྩལ་དང་བཟོ་རིག་དངོས་གཞིའི་ཚན་ཁག་གི་སློབ་མའི་སློབ་གླིང་གཉིས་གསར་འཛུགས་བྱས་ཏེ། ཀུན་ཤེས་སློབ་གསོ་དང་ཆེད་ལས་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། རྨང་གཞི་ཤུགས་སྣོན་དང་གཏིང་ཟབ་སྤེལ་རེས་མཉམ་སྤེལ་བྱས་ཏེ། རྩེར་སོན་གསར་གཏོད་ཤེས་ལྡན་མི་སྣ་རང་བདག་གསོ་སྐྱོང་བྱེད་པའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པ་རེད།