གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་09ཉིན། 13:37】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་3ཚེས་6ཉིན་གྱི་སྔ་དྲོ། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་བོད་ལྗོངས་ཚོམས་ཁང་དུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་སྒོ་འབྱེད་ཚོགས་ཆུང་གི་ཚོགས་འདུ་འཚོག་ཡུལ་དངོས་སུ་འཁྲུག་ཆ་ཤིན་ཏུ་དོད། གཏམ་བཤད་ཁྲོད་འགག་རྩའི་ཚིག་ཞིག་ཡང་ཡང་ཐོན་ཡོང་བ་དེ་ནི། “དིང་རིའི་ས་ཡོམ་”ཞེས་པ་འདི་རེད། ས་ཡོམ་བྱུང་ནས་ཟླ་བ་གཉིས་འདས་པ་དང་། སླར་གསོ་བསྐྱར་སྐྲུན་བྱེད་རིམ་ཅི་འདྲ་ཡིན་ནམ།
“ཁ་སང་གྲོང་ཁྱེར་ཡོངས་ཀྱི་གནོད་འཚེ་ཕོག་པའི་སློབ་གྲྭ་243མཉམ་དུ་སློབ་འགོ་ཚུགས་ནས་སློབ་ཁྲིད་སླར་གསོ་བྱས་ཡོད།” གཞིས་རྩེ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། གྲོང་དཔོན་འཐུས་མི་ཝང་ཧྥང་ཧུང་གིས་“ཟླ་10པའི་ཟླ་མཇུག་གོང་། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཚང་མ་བདེ་འཇགས་དང་སྐྱིད་སྣང་དོད་པའི་ཁང་པ་གསར་པར་སྡོད་དུ་འཇུག་རྒྱུའི་བརྩོན་ལེན་བྱེད་དགོས་”ཞེས་པའི་གཏམ་བཟང་ཞིག་འཁྱེར་ཡོང་བ་རེད།