འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་9ཉིན།

ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་བཤད་གནང་དོན།

༄༅།།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་རང་དམག་འཛུགས་སྐྱོང་གི“ལོ་ལྔ་ཚན་
བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་09ཉིན། 10:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཟླ་3ཚེས་7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།

ཟླ་3ཚེས་7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། རང་དམག་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་དགོས་པ་དེ་དུས་བཀག་ལྟར་དམག་དཔུང་བཙུགས་ནས་ལོ་བརྒྱ་ཡི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། གདེང་ཚོད་ཆེ་རུ་གཏོང་བ་དང་། འགྲན་སློང་ལ་ཐད་ཀར་གཏུག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ། དམིགས་གཏན་འཁེལ་བའི་དམིགས་ཚད་དང་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག ཀྲོའུ་ཀང་དང་། ལི་ཏུང་། ཧྥུང་ཡན། ཀྲེང་ཡོན་ལིན། ཚུའེ་ཏའོ་ཧུའུ། ལིའུ་ཧྲུའུ་ཝེ་སོགས་འཐུས་མི་དྲུག་གིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། གོ་མཚོན་སྒྲིག་ཆས་དང་ཚོད་ལྟ་གསལ་འབྱེད་ཀྱི་ཐོན་ཁུངས་སྤྱི་འདོམས་དང་། འཆར་འགོད་དང་ལག་བསྟར། དོ་དམ་བཅས་གསར་གཏོད་བྱེད་པ། གྲོན་དངུལ་བེད་སྤྱོད་དང་དོ་དམ་གྱི་ཕན་འབྲས་ཆེ་རུ་གཏོང་བ། དམག་དོན་བཟོ་ལས་ཀྱི་ཐོན་ནུས་འགན་ལེན་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྲུང་གཡུལ་སའི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་སོགས་ཀྱི་ཐད་ཁག་སོ་སོས་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།

     འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རང་དམག་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་ནས་ལོ་བཞི་ལྷག་ཙམ་སོང་རིང་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་དང་དུས་མཚུངས་འགལ་བ་དང་གནད་དོན་མི་ཉུང་བ་ཞིག་ཀྱང་འཕྲད་ཡོད། མྱུར་ཚད་དང་སྤུས་ཚད་དང་། མ་གནས་དང་ཕན་འབྲས། སྤྱི་ཡོངས་དང་གཙོ་གནད། འཕེལ་རྒྱས་དང་ལྟ་འདོམས། འཆར་འགོད་ཀྱི་ལག་བསྟར་དང་ནུས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་བ་དང་། ཕན་འབྲས་ཆེ་བ། མ་གནས་དམའ་བ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་འགྲོ་ལམ་དུ་བསྐྱོད་ནས་འཛུགས་སྐྲུན་གྱི་གྲུབ་འབྲས་ལོ་རྒྱུས་དང་དངོས་འཐབ་ཀྱི་ཞིབ་དཔྱད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

     ཞི་ཅིན་ཕིང་གིས་གསུངས་དོན། འཆར་འགོད་ལག་བསྟར་བྱེད་རིང་གི་འགག་གནད་དང་དཀའ་གནད་ཀྱི་གནད་དོན་གང་མགྱོགས་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡེ་ཚན་ལས་བརྒལ་བ་དང་། ཁྱབ་ཁོངས་ལས་བརྒལ་བ། དམག་དཔུང་དང་ས་གནས་ལས་བརྒལ་བ་བཅས་ཀྱི་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་བེད་སྤྱོད་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་ཕྱོགས་ས་དང་ལས་དོན་གྱི་ཁ་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་འཆར་འགོད་ལག་བསྟར་བྱེད་པའི་སྦྲེལ་ལམ་ནུས་ཤུགས་ཡོད་རྒུས་ཤར་གཏོང་ཐུབ་པ་བྱེད་དགོས། དེང་རབས་ཀྱི་དོ་དམ་འདུ་ཤེས་དང་བྱེད་ཐབས་དང་ཐབས་ཤེས་སྤྱོད་མཁས་པོ་དང་འཐབ་ཇུས་དོ་དམ་ལམ་ལུགས་དང་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ། འཆར་འགོད་ལག་བསྟར་བྱེད་པའི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཧུར་བསྲི་གྲོན་ཆུང་གིས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་སྲུང་ཐོན་ཁུངས་ཀྱི་མ་དངུལ་གཏོང་ཕྱོགས་དང་གཏོང་ཚད་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ་གྲོན་དངུལ་སྤྱོད་པའི་གནད་ལ་འཁེལ་ཚད་དང་མ་གནས་དང་ཕན་འབྲས་དབར་གྱི་བསྡུར་ཚད་མཐོ་རུ་གཏོང་དགོས།

     ཞི་ཅིན་ཕིང་གིས་གསུངས་དོན། རང་དམག་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མ་ལག་ཆེན་པོའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། དམག་དཔུང་དང་ས་གནས་ཀྱི་མཉམ་ཤུགས་ཆེ་རུ་གཏོང་བ་དང་ས་གནས་ཀྱི་དགེ་མཚན་ལྡན་པའི་སྟོབས་ཤུགས་དང་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་རང་དམག་འཛུཌ་སྐྱོང་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས། རང་རྒྱལ་གྱི་ཐོན་སྐྱེད་ནུས་ཤུཌ་གསར་མ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་གོ་སྐབས་དམ་འཛིན་བྱས་ནས་འཐབ་ནུས་འཛུགས་སྐྱོང་དང་བེད་སྤྱོད་བྱེད་སྟངས་གསར་གཏོད་དང་། སྔོན་ཐོན་ལག་རྩལ་གྱི་བརྡ་ལན་མྱུར་པོ་དང་གཞན་སྒྱུར་མྱུར་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འཐབ་ནུས་གསར་མ་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཆར་འགོད་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་ཆེད་ལས་ཅན་གྱི་དཔྱད་དཔོག་བྱས་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་། འཛུགས་སྐྱོང་གི་ཕན་འབྲས། མ་ལག་གི་དམག་འཐབ་ནུས་པ་བཅས་ལ་དཔྱད་ཞིབ་བྱེད་དགོས། ལྟ་འདོམས་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་འཐུས་ཚང་ནུས་ལྡན་གྱི་ལྟ་འདོམས་མ་ལག་འཛུགས་པ་དང་། མཉམ་འདྲེས་ལྟ་སྐུལ་དང་མཉམ་འབྲེལ་རྩིས་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་དང་ཐག་གཅོད་གཏིང་ཟབ་བྱེད་དགོས། ལྟ་འདོམས་ཀྱིས་འཆར་འགོད་ལག་བསྟར་ལ་ཞབས་འདེགས་ཞུ་བ་དང་སྐུལ་སྤེལ་གཏོང་བའི་ནུས་པ་དེ་བས་གང་ལེགས་བཏོན་ཏེ། འཆར་འགོད་མཇུག་བསྡུའི་སྤུས་ཚད་ཐ་སྐྱོང་དང་། ནུས་པ་ཐ་སྐྱོང་། སྤྱོད་གཙང་ཐ་སྐྱོང་བཅས་ཐུབ་པའི་འགན་ལེན་བྱེད་དགོས།