འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་8ཉིན།

༄༅།།ཨ་རི་དང་ཡུག་རེན་གྱིས་ཚོཊ་འདུ་གལ་ཆེན་ཞིག་འཚོག་རྒྱུ་རེད།  

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་08ཉིན། 15:37】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་6ཉིན། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་པེར་ཀྲེམ་གྱི་པུའུ་ལུའུ་སེར་དུ་ཡུག་རེན་དང་ཨ་རིའི་ཚོགས་པའི་ལས་དོན་སླར་གསོ་བྱས་ཟིན་པ་དང་། སྔོན་དཔག་བྱས་ན། གཟའ་འཁོར་རྗེས་མར་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་ཞེས་བཤད།

ས་གནས་དེ་གའི་དུས་ཚོད་ཚེས་6ཉིན། ཨ་རིའི་དབུས་ཤར་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཝེ་ཐེ་ཁོ་ཧྥུའུ་ཡིས། ཨ་རི་དང་ཡུག་རེན་གྱི་དཔོན་རིགས་ཀྱིས་གཟའ་འཁོར་རྗེས་མར་སོ་ཏི་ཨ་རབ་ཏུ་གྲོས་མོལ་བྱ་རྒྱུའི་བཀོད་སྒྲིག་ལ་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་། གྲོས་མོལ་ནང་ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བདེའི་གྲོས་མཐུན་གྱི་སྒྲོམ་གཞི་དང་ཨུ་རུ་སུ་དང་ཡུག་རེན་བར་དམག་མཚམས་རགས་ཙམ་འཇོག་རྒྱུའི་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།