གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་07ཉིན། 10:28】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པས་ཚེས་6ཉིན་དཔལ་འབྱོར་བརྗོད་དོན་གཙོ་བོའི་གསར་འགོད་པའི་ཚོགས་འདུ་འཚོགས། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་འཕེལ་རྒྱས་སྒྱུར་བཅོས་དང་ནོར་སྲིད་སྔོན་རྩིས། ཚོང་དོན། དངུལ་རྩ་དངུལ་འཛིན་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ།
ནོར་སྲིད་པུའུ་ཡི་པུའུ་ཀྲང་ལན་ཧྥོ་ཨན་གྱིས་དམངས་འཚོ་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་དང་བྱིས་པར་ཕྲུ་གུ་གསོ་བའི་རོགས་དངུལ་སྟེར་བ། སློབ་མར་རོགས་སྐྱོར་གསབ་དངུལ་ཚད་གཞི་སྔར་བས་མཐོ་རུ་གཏོང་བ། སྲིད་ཇུས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་སྐྱེད་ཀ་མེད་པ་དང་། མ་དངུལ་ཕྱིར་འགྱངས་ཀྱི་སྲིད་ཇུས་སོགས་མུ་མཐུད་ལག་བསྟར་བྱས་པས། སྔོན་དཔག་བྱས་ན་སློབ་མ་མི་ཐེངས་ཁྲི་3400ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་རེད།