འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་7ཉིན།

༄༅།།2025ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་མིང་ཐོ་འགོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་07ཉིན། 09:56】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2025ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་མིང་ཐོ་ཚེས་1ཉིན་འགོད་འགོ་ཚུགས་ཡོད། ཟླ་བ་5པའི་ཟླ་སྟོད་བར་མཐོ་སློབ་དཀྱུས་མའི་ལོ་འདིའི་སློབ་ཐོན་སློབ་མའམ་ཡང་ན་སློབ་སྦྱོང་བྱེད་མུས་ཀྱི་ཞིབ་འཇུག་སློབ་མས“ནུབ་རྒྱུད་དང་བླངས་ཚོགས་པ”སྐད་འཕྲིན་སྤྱི་རྟགས་སམ་ནུབ་རྒྱུད་འཆར་གཞིའི་གཞུང་ཕྱོགས་དྲ་ཚིགས་ཐོག་ནས་ཐོ་འགོད་བྱས་ཏེ་ནུབ་རྒྱུད་འཆར་གཞིའི་ཐོ་འགོད་མ་ལག་ནང་མིང་ཐོ་འགོད་ཆོག་གི་ཡོད་པ་རེད།

     ནུབ་རྒྱུད་འཆར་གཞི་ནི་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་། སློབ་གསོ་པུའུ། ནོར་སྲིད་པུའུ། མི་སྤྱི་པུའུ་བཅས་ཀྱིས་ཐུན་མོང་ཐོག་སྒྲིག་འཛུགས་ལག་བསྟར་བྱས་པའི་ཤེས་ལྡན་པའི་འདུ་འགོད་ཅིག་ཡིན་ཞིང་། རྒྱ་ཆེའི་གཞོན་ནུ་རྣམས་ནུབ་རྒྱུད་ཀྱི་གཞི་རིམ་དུ་བསྐྱོད་ནས་འཇོན་ཐང་མངོན་པ་དང་མེས་རྒྱལ་ལ་དྲིན་ལན་འཇལ་བའི་གར་སྟེགས་ཆེན་པོ་ཞིག་བསྐྲུན་ཡོད།

    རྣམ་གྲངས་ལག་ལེན་བསྟར་ནས་ལོ་22སོང་རིང་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་54ལྷག་ཙམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་ཕུགས་བསམ་གྱི་རྗེས་སུ་སྙེགས་པ་དང་། ཏན་ཏན་ཏིག་ཏིག ལེགས་སྐྱེས་ཧུར་འབུལ་བཅས་བྱས་ནས། རྫོང(གྲོང་ཁྱེར་དང་། ཆུས། ཆི)2000ལྷག་ཙམ་གྱི་གྲོང་གསེབ་དར་རྒྱས་གཏོང་བ་དང་གཞི་རིམ་བཅོས་སྐྱོང་ནང་ཞུགས་ནས་མཐའ་དར་དམངས་ཕྱུག མཐའ་བརྟན་མཐའ་སྲུང་ཡོང་བ་བྱས་ཏེ། ནུབ་རྒྱུད་ས་ཁུལ་དང་གཞི་རིམ་འཕེལ་རྒྱས་ལ་གཞོན་ནུའི་གསོན་ཤུགས་དང་གཞོན་ནུའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཞིང་། སྤྱི་ཚོགས་ཡོངས་དང་ལྷག་པར་དུ་རྒྱ་ཆེའི་གཞོན་ནུའི་ཁྲོད་ནུབ་རྒྱུད་དང་། གཞི་རིམ། མེས་རྒྱལ་དང་མི་དམངས་ལ་དགོས་མཁོ་ཆེ་ཤོས་ཡོད་པའི་ས་གནས་བཅས་སུ་བསྐྱོད་ནས་བྱས་རྗེས་འཇོག་པའི་དུས་རབས་ཀྱི་བརྗོད་དོན་མཆོག་ཏུ་འཛིན་ཡོད།