འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་6ཉིན།

༄༅།།རྒན་གསོའི་དངུལ་མཐོ་རུ་གཏོང་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་06ཉིན། 14:12】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་3པའི་ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། སྤྱི་ཚོགས་ཀྱི་འགན་སྲུང་དང་ཞབས་ཞུའི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་སླར་ཡང་སྒོར་20མཐོ་རུ་གཏོང་རྒྱུ་དང་། རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་མཐོ་རུ་འོས་འཚམ་གཏོང་རྒྱུ། ཀ་རྟེན་གསུམ་པ་ཡིན་པའི་མི་སྒེར་གྱི་རྒན་གསོའི་འགན་བཅོལ་ལས་དོན་འཕེལ་རྒྱས་གང་མགྱོགས་བཏང་ནས་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་ལག་བསྟར་ཡག་པོ་བྱེད་དགོས། རྒན་རྒོན་ཇེ་མང་དུ་འགྲོ་བར་ཁ་གཏད་ཧུར་ཐག་གཅོག་དགོས་པ་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་ཀྱི་སྲིད་ཇུས་དང་ལམ་སྲོལ་འཐུས་ཚང་དང་འཕེལ་རྒྱས་གཏོང་དགོས། དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། སྡེ་ཁུལ་གྱིས་རྒྱབ་སྐྱོར་བྱེད་པའི་ཁྱིམ་སྡོད་རྒན་གསོར་སྐུལ་འདེད་གཏོང་རྒྱུ་དང་། ངལ་རྩོལ་ནུས་པ་ཤོར་བའི་རྒན་རྒོན་ལ་ལྟ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒན་རྒོན་ལ་བཟའ་བཏུང་མཁོ་འདོན་བྱེད་པའི་ཞབས་ཞུ་ཡག་ཏུ་གཏོང་བ་དང་ལུས་གསོའི་རམ་འདེགས་ཡོ་བྱད་ཉོ་སྒྲུབ་དང་བོགས་མར་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། ཀུན་ཕན་རྒན་གསོའི་ཞབས་ཞུ་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ།