འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་6ཉིན།

༄༅།།དིང་རིའི་ས་ཡོམ་ཁུལ་གྱི་སློབ་གྲྭ་སློབ་འགོ་ཚུགས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་06ཉིན། 13:53】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    2025ལོའི་ཟླ་3ཚེས་5ཉིན་བོད་དུ་སློབ་དུས་གསར་པའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་དུས་ཚིགས་བསུ་བཞིན་ཡོད། དིང་རིའི་ས་ཡོམ་རིམ་པ་6.8གྱི་ཤུགས་རྐྱེན་ཐེབས་པའི་གཞིས་རྩེ་གྲོང་ཁྱེར་གྱི་གནོད་འཚེ་ཕོག་པའི་སློབ་གྲྭ་243པའང་དེ་རིང་དུས་བཀག་ལྟར་སློབ་འགོ་ཚུགས་པ་རེད།

    ཞོགས་པའི་ཆུ་ཚོད་9དང་སྐར་མ་30ལ། 2025ལོའི་སློབ་གྲྭ་འབྲིང་ཆུང་གི་དཔྱིད་དུས་སློབ་འགོ་ཚུགས་པའི་མཛད་སྒོ་དིང་རི་རྫོང་ཨུའི་ཏང་གི་སློབ་གྲྭའི་བཀོད་སྒྲིག་བྱ་ཡུལ་དུ་འགོ་ཚུགས་པ་རེད།

    བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་། གཞིས་རྩེ་གྲོང་ཁྱེར། དིང་རི་རྫོང་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་། དིང་རི་རྫོང་སློབ་འབྲིང་དང་ཆུ་ལྷོ་ཤང་དང་མཚོ་སྒོ་ཤང་ཆ་ཚང་སློབ་ཆུང་གི་དགེ་སློབ་འཐུས་མི་200ལྷག་ཙམ་ཞུགས་ཡོད་པ་རེད།