འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་6ཉིན།

ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་བཤད་གནང་དོན།

༄༅།།དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་འཁྲི་ལྕི་པོ་ཁུར་ནས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ལེགས་སྐྱེས་འབུལ་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་06ཉིན། 10:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཟླ་3ཚེས་5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཁོང་གནས་སའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

ཟླ་3ཚེས་5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཁོང་གནས་སའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཁོང་གནས་སའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་དམིགས་ཚད་ཕུན་སུམ་ཚོགས་པོས་མངོན་འགྱུར་བྱེད་པར་དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་དགོས། ཅང་སུའུ་ཡིས་འགན་འཁྲི་ལྕི་པོ་འཁུར་བའི་ཤུགས་རྒྱག་ས་སྟངས་འཛིན་ཡག་པོ་བྱས་ཏེ་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་གདོང་མཆོང་བྱེད་པ་དང་། གཏིང་ཟབ་པའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཐད་བརྩོན་ལེན་བྱེད་ཕོད་པ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་པ། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐད་མིག་དཔེ་འདོན་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

     ཅང་སུའུ་འཐུས་མི་ཚོགས་པས་གྲོས་ཞིབ་ནན་ཏན་གནང་བའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད། ཀྲའོ་ཅན་ཅུན་དང་། ཞུས་ཀོང་ཧུའེ། ཀྲང་ཅུན་ཅེ། ལི་ཤའོ་ནཱ། མེའོ་ཧན་ཀེན། ཁོ་ཅུན་བཅས་འཐུས་མི་དྲུག་གིས་ཁག་སོ་སོར་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་གཏོད་པ། གསོ་རིག་གཞན་སྒྱུར་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། མཛེས་མཐུན་སྡེ་ཁུལ་འཛུགས་སྐྲུན། སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་གྱི་ཁྲང་ཞི་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ཐད་གཏམ་བཤད་གནང་བ་རེད།

     ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གཏམ་བཤད་གནང་བ་རེད། དང་ཐོག་ཁོང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མོས་མཐུན་གནང་བ་དང་ཅང་སུའུ་ཡི་ལས་དོན་ལ་ཁས་ལེན་གནང་བ་མ་ཟད། ཅང་སུའུ་ཡིས་འགན་འཁྲི་ལྕི་པོ་འཁུར་བའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ལམ་ཡིན། ཚན་རྩལ་གསར་གཏོད་ལ་དམ་འཛིན་བྱེད་པར་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་དམིགས་པ་དང་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ལ་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚན་རྩལ་གྱི་གྲུབ་འབྲས་མང་པོ་ཐོབ་པར་བྱེད་དགོས་ལ། ཚན་རྩལ་གྱི་གྲུབ་འབྲས་དངོས་དངོས་རྗེན་རྗེན་གྱི་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བ་བྱེད་དགོས། ཐོན་ལས་གསར་གཏོད་ལ་དམ་འཛིན་བྱེད་པར་དངོས་ཚན་དཔལ་འབྱོར་གྱི་རྩ་བའི་རྨང་གཞི་དམ་འཛིན་ནན་པོ་བྱེད་པ་དང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ཀྱི་འགྲན་ལམ་གསར་པ་གཏོད་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ལ་དམ་འཛིན་བྱེད་པར་ལས་སྟེགས་སྐྲུན་པ་དང་། སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་སྲུབས་མེད་འབྲེལ་མཐུད་བྱེད་དགོས།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དཔལ་འབྱོར་སྤྱི་འབོར་ཆེ་བས་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཀྱི་ནུས་པ་དེ་བས་ཆེ་བ་འདོན་དགོས། ཅང་སུའུ་ཡིས་སྔོན་ལ་ལག་བསྟར་ཚོད་ལྟ་དང་ཕྱི་ནང་ཟུང་འབྲེལ་བྱེད་པ་དང་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་སྟེ་རྒྱུན་ཆད་མེད་པར་འགོག་རྐྱེན་སེལ་བ་དང་ནུས་པ་ཆེ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། རྒྱལ་ནང་རྒྱལ་སྤྱིར་སྤྱི་འདོམས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ཁུལ་ཁོངས་མཉམ་འགུལ་ལ་དམ་འཛིན་ཡག་པོ། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་པ་ལེགས་སུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ས་གནས་ཀྱི་སྲུང་སྐྱོབ་དང་། ཁྲོམ་ར་ཁག་བགོས། “གྲིམ་མདུད་ཐེབས་པའི”འགྲན་རྩོད་བཅས་རང་འགུལ་ངང་མེད་པར་བཟོ་དགོས། དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་ལ་ལྟ་སྟངས་འདྲ་མཉམ་བཟུང་ནས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་དགོས། ལམ་ལུགས་རྣམ་པའི་སྒོ་འབྱེད་རྒྱ་ཆེར་བརྟན་པོ་བཏང་ནས་རྒྱལ་སྤྱིའི་མཉམ་ལས་ཀྱི་བར་མཐོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས།

     ཞི་ཅིན་ཕིང་གིས་གསུངས་དོན། དཔལ་འབྱོར་ཞིང་ཆེན་ཆེན་པོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་འགན་འཁྲི་དེ་བས་ཆེ་བ་ཁུར་དགོས། ཅང་སུའུ་ཡིས་འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་གྱི་འཕེལ་རྒྱས་དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་སོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་རང་འགུལ་ངང་བྱས་རྗེས་འཇོག་པ་དང་མཐུན་སྦྱོར་མཉམ་འགུལ་བྱེད་དགོས། ཅིང་ཅིན་ཅི་གསུམ་མཐུན་སྦྱོར་འཕེལ་རྒྱས་དང་གཡོད་ཀང་ཨའོ་ཡི་ཁུག་ཆེན་ཁུལ་འཛུགས་སྐྲུན་སོགས་འཐབ་ཇུས་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་བོད་སྐྱོར་ཤིན་སྐྱོར་སོགས་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་དགོས། རྨོ་ཞིང་གི་དམར་ཐིག་བརྟན་སྲུང་དང་། འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་སྲུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ལྷོ་ཆུ་བྱང་འདྲེན་གྱི་ཆུ་ཁུངས་ཀྱི་བདེ་འཇགས་འགན་ལེན་སོགས་ཀྱི་འགན་འཁྲི་གཙང་སྒྲུབ་བྱེད་དགོས།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དཔལ་འབྱོར་ཞིང་ཆེན་ཆེན་པོས་འཕེལ་རྒྱས་མགྱོགས་ཙམ་བཏང་ནས་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཉམས་མྱོང་འཚོལ་ཞིབ་ཧུར་ཐག་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། ཅང་སུའུ་ཡིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་རང་བཞིན་དང་། ཀུན་ཕན་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བྱ་བ་དངོས་མང་ཙམ་སྒྲུབ་པ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་མཉམ་རང་བཞིན་དང་ཁྱབ་པའི་རང་བཞིན་ཆེ་རུ་གཏོང་བའི་ཆུ་ཚད་སླར་ཡང་མཐོ་རུ་གཏོང་བ་བཅས་བྱེད་དགོས། ལྷག་པར་དུ། དམངས་འཚོའི་གཞི་རྩ་ཡིན་པའི་ལས་ཞུགས་ལ་དམ་འཛིན་ཡག་པོ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཟབ་ཏུ་གཏོང་བ་དང་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་སྤྲོད་ལེགས་སུ་བཏང་སྟེ་རིག་གནས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་སྦྱིན་དགོས།

     ཞི་ཅིན་ཕིང་གིས་གསུངས་དོན། དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་བར། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་གསར་འབྱེད་ཡར་བརྩོན་བྱས་ཏེ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་སྒྲིག་བཀུར་ཁྲིམས་སྲུང་དང་གཞུང་དྲང་སྤྱོད་གཙང་གི་གཟུཊ་བརྙན་ལ་བརྟེན་ནས་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།