འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་5ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲི་པིང་ཆི་ཡིས་ས་གནས་སོ་སོའི་གཉེན་རྟགས་ཀྱི་
དངུལ་གྲངས་ཀྱི་ཚད་གཞི་གཏན་འབེབས་བྱ་རྒྱུའི་གྲོས་གཞི་བཏོན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་05ཉིན། 10:46】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཧོ་པེ་ཞིང་ཆེན་ཧོ་ཅན་གྲོང་ཁྱེར་ཤིན་ཚུན་གྲོང་རྡལ་ཏ་ཀྲོང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྲི་པིང་ཆི་ཡིས་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཚོགས་འདུའི་ཐོག་ཁོང་གིས་གོམས་སྲོལ་འགྱུར་ལྡོག་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྲི་པིང་ཆི་ཡིས་དུས་ཡུན་རིང་པོར་ཡུལ་སྲོལ་གོམས་གཤིས་ལེགས་འགྱུར་གཏོང་སྐོར་ལ་དོ་ཁུར་བྱེད་ཀྱིན་ཡོད། བརྟག་དཔྱད་ཞིབ་འཇུག་དང་ལས་ཀ་བྱེད་སྐབས། ཁོང་གིས“རིན་གོང་མཐོན་པོའི་གཉེན་སྟོན་གྱི་ལག་དངུལ་”དང་། གཉེན་སྒྲིག་དང་འདས་མཆོད་ཀྱི་དོན་གཉེར་ཆེན་པོ་བྱེད་པ། རྨོངས་ཚོད་ཀྱིས་བསྡུར་བ་སོགས་ཀྱི་གོམས་གཤིས་ངན་པ་གྲོང་གསེབ་ས་ཁུལ་དུ་ཅུང་འབུར་དུ་ཐོན་པ་དང་། གཉེན་སྒྲིག་བྱས་ནས་དབུལ་ཕོངས་སུ་གྱུར་བ་དང་། གཉེན་སྒྲིག་དབང་གིས་དབུལ་ཕོངས་སུ་ཕྱིར་ལོག་པའི་སྣང་ཚུལ་རྟག་ཏུ་ཐོན་པས། མང་ཚོགས་ལ་ཁུར་པོ་ལྗིད་པོ་འཕྲོག་གི་ཡོད་པས། མི་སེར་རྣམས་ལ་གནད་དོན་དེ་དག་བཅོས་སྐྱོང་བྱེད་པའི་དགོས་མཁོ་ཧ་ཅང་ཁ་ཚ་དགོས་གཏུག་ཡོད་པ་ཤེས་རྟོགས་བྱུང་། རིན་གོང་མཐོན་བའི་གཉེན་དངུལ་ལ་དམིགས་ནས། ཧྲི་པིང་ཆི་ཡིས་ས་གནས་ཁག་གིས་གཉེན་རྟགས་དངུལ་གྲངས་ཀྱི་ཚད་གཞི་མཐོ་ཤོས་གཏན་འཁེལ་བྱས་ཏེ་ས་གནས་དེ་གའི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་ལྡབ་གཉིས་ལས་བརྒལ་མི་རུང་ཞེས་གྲོས་འགོ་བཏོན་པ་རེད། གཞན་ཡང་། ལངས་གཟུགས་རྩ་འཛུགས་མ་ལག་བཙུགས་ནས་གྲོང་གསེབ་ཀྱི་རང་སྐྱོང་རྩ་འཛུགས་འཛུགས་སྐྱོང་བྱེད་པར་མཛུབ་ཁྲིད་དང་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཏུ་སྐྱིད་སྡུག་ལས་འཛིན་ལྷན་ཚོགས་དང་གྲོང་མིའི་གྲོས་ཚོགས་སོགས་རྩ་འཛུགས་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཡུལ་སྲོལ་བསྒྱུར་གྱི་ནང་དོན་དེ་གྲོང་ཚོའི་སྒྲིག་སྲོལ་དམངས་ཆིངས་ནང་འཇུག་དགོས།

     འབྲེལ་ཡོད་པུའུ་ཨུད་ཀྱིས་རྫོང་(གྲོང་ཁྱེར་དང་ཆུའུ)ལ་འཆར་འགོད་ཡག་པོ་འགོད་རྒྱུར་མཛུབ་ཁྲིད་བྱས་ཏེ། རིམ་པ་དང་ས་ཁོངས། མི་རིགས་བཅས་མི་འདྲ་བར་དམིགས་ནས་ཚད་ལྡན་ཇུས་འགོད་བྱས་ཏེ་གྲོང་ཚོའི་སྒྲིག་སྲོལ་དམངས་ཆིངས་ལ་བརྟེན་ནས་སྤྱི་པའི་གོ་རིམ་དང་གོམས་སྲོལ་བཟང་པོ་སྲུང་སྐྱོང་བྱ་དགོས།” ཧྲི་པིང་ཆི་ཡིས་དཔལ་ཡོན་གསར་གཏོད་ཀྱི་ལག་ལེན་བྱེད་སྒོའི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། དཔལ་ཡོན་གྲོང་ཚོ་གྲོང་རྡལ་དང་སྐར་རིམ་དཔལ་ཡོན་དུད་ཚང་སོགས་མང་ཚོགས་རང་བཞིན་གྱི་གསར་གཏོད་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས། རིན་ཐང་ལྟ་བ་ནང་ཁུལ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།