འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་4ཉིན།

༄༅།།“ཁུན་ལུང”AG600རྟགས་ཅན་གྱིས་དཔང་ལེན་མ་བྱས་གོང་གི་འཕུར་སྐྱོད་ཚོད་ལྟའི་རྣམ་གྲངས་ཚང་མ་ལེགས་གྲུབ་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་04ཉིན། 11:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     གསར་འགོད་པས་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ཟླ་2ཚེས་28ཉིན་གནམ་གྲུ་AG600-1005ཡིས་ཧྲའན་ཤིས་ཕུའུ་ཁྲེང་དུ་འབར་སླ་བའི་གཤེར་གཟུགས་འབུད་ཚད་དང་མཐུན་མིན་གྱི་ཚོད་ལྟའི་འཕུར་སྐྱོད་ལེགས་སྒྲུབ་བྱས་པ་དང་། གནམ་ཐང་དུ་བརྟན་པོའི་ངང་བབས་ནས་ཁ་འགོག་ཐུབ་པ་དེ་ཐོག་ནས་སྐམ་མཚོ་གཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲས“ཁུན་ལུང”AG600རྟགས་ཅན་གྱིས་དཔང་ལེན་མ་བྱས་གོང་གི་ཚོད་ལྟའི་འཕུར་སྐྱོད་རྣམ་གྲངས་ཚང་མ་ལེགས་གྲུབ་བྱུང་སྟེ། བཟོ་དབྱིབས་ཚད་མཐུན་ལག་ཁྱེར་ཐོབ་པའི་དམིགས་ཚད་ཕྱོགས་སུ་འགག་རྩའི་གོམ་པ་སྤོས་པ་མཚོན་ཡོད། འདི་ནི་སྐམ་མཚོ་གཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲས“ཁུན་ལུང”AG600རྟགས་ཅན་གྱིས་ཧྲའན་ཤིས་ཕུའུ་ཁྲེང་དུ་འབར་སླ་བའི་གཤེར་གཟུགས་འབུད་ཚད་དང་མཐུན་མིན་གྱི་ཚོད་ལྟའི་འཕུར་སྐྱོད་ལེགས་གྲུབ་བྱས་པ།