གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་04ཉིན། 11:03】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཆའོ་ཏུང་།
‘སྣོན་པའི’བྱེད་ཐབས་སྤྱད་དེ། ཝུན་ཧུའེ་ལམ་ཁྲོམ་གཞུང་གིས་རྩོད་གཞི་དང་འགལ་བ་འདུམ་འགྲིག་ཐག་གཅོད་བྱས་པ་མ་ཟད། ཁྲིམས་འཛིན་སུའོ་དང་། མངཌ་གཏོང་ཁང་། ཁྲིམས་རྩོད་པའི་ལས་དོན་ཁང་བཅས་དབར་གྱི་མཉམ་འགུལ་ལམ་སྲོལ་བཙུགས་ཡོད།
‘འཕྲི་བའི’བྱེད་ཐབས་སྤྱད་དེ། ཝུན་ཧུའེ་ལམ་ཁྲོམ་གཞུང་གིས་གཞོགས་འདེགས་དང་སྒྲུབ་དགོས་པའི་དོན་དག་ཁག་47བར་ཉུང་དུ་ཕྱིན་ཡོད།
‘བསྒྱུར་བའི’བྱེད་ཐབས་སྤྱད་དེ། ཝུན་ཧུའེ་ལམ་ཁྲོམ་གཞུང་གིས་ཕན་འབྲས་དང་བྱ་བ་སྒྲུབ་པའི་ལས་ཕྱོད་ཆེ་རུ་བཏང་ཡོད།
‘བགོ་བའི’བྱེད་ཐབས་སྤྱད་དེ། ཝུན་ཧུའེ་ལམ་ཁྲོམ་གཞུང་གིས་དཀའ་གནད་ཐག་གཅོད་བྱས་ཤིང་། མཛུབ་མོའི་སྟེང་གི་ཕྱི་ཚུལ་རིང་ལུགས་གཙང་བཤེར་དག་ཐེར་དང་དགོས་པ་དེ་ཙམ་མེད་པའི་སྐད་འཕྲིན་ལས་དོན་ཚོགས་པ་12མེད་པར་བཟོས་ཡོད།
“ང་གློག་སྐས་ནང་ཆུ་ཚོད་བཞི་ཙམ་ལུས་ཀྱང་། གསར་སྤེལ་ཚོང་པ་དང་སྡེ་ལས་ཀྱིས་གྱོང་གུན་གསབ་མ་བྱུང་། ཁྱོད་ཀྱིས་ཐག་གཅོད་གནང་རོགས། གལ་ཏེ་ཐག་གཅོད་མ་ཐུབ་ན། ངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་གི་ཡིན”ཞེས་ ཞོགས་པ་སྔ་པོར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཁྲིམས་འཛིན་ཅུས་ཝུན་ཧུའེ་ལམ་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་ཏིང་ཞུའེ་ནཱ་ལ་མང་ཚོགས་ཤིག་གིས་གནས་ཚུལ་ཐེར་འདོན་བྱས། མང་ཚོགས་དེ་ཡུན་རིང་མ་སོང་གོང་། གསར་དུ་བརྒྱབ་པའི་ཚོང་དོན་ཐོག་བརྩེགས་ཀྱི་གློག་སྐས་ནང་ལུས་མྱོང་ཡོད།
“ཁྱེད་རང་དངངས་འཚབ་བྱེད་མི་དགོས། ང་ཚོས་འགལ་ཟླ་བར་འདུམ་ཐེངས་གཉིས་བྱས་ནས་གནད་དོན་ཐག་གཅོད་བྱེད་བཞིན་ཡོད”ཅེས་བརྗོད་བཞིན་ཏིང་ཞུའེ་ནཱ་ཡིས་སྔོན་ལ་མང་ཚོགས་དེར་སེམས་གསོ་བཏང་བ་དང་དེ་རྗེས་ཁྲིམས་རྩོད་པའི་མཐུན་ཚོཌ་དང་མངཌ་གཏོང་ཁང་ལ་མཉམ་དུ་འདུམ་འགྲིག་ནང་ཞུཌ་དགོས་ཞེས་ཁ་པར་བརྒྱབ། ས་གནས་ས་ཐོག་ཏུ་ཁྲིམས་རྩོད་པས་གཏན་འབེབས་དང་གྱོད་དཔེར་གཞིགས་ནས་ཕྱོགས་གཉིས་ཀར་གནས་ལུཌ་རྒྱུ་མཚན་བཤད་པ་དང་སྡེ་ཁུལ་ཏང་ཨུད“ཉེན་རྟོག་པའི་གྱོན་ཆས་གྱོན་པའི་ཧྲུའུ་ཅི་གཞོན་པ”དང་ཁྲིམས་འཛིན་མི་སྣས་དཔང་པོ་བྱས་པས་མཐར་ཕྱོགས་གཉིས་དབར་བར་འདུམ་བྱུང་བ་རེད།
དེ་ནི་ཝུན་ཧུའེ་ལམ་ཁྲོམ་གཞུང་གིས“སྣོན་འཕྲི་བསྒྱུར་བགོས”བཅས་ཀྱི་བྱེད་ཐབས་སྤྱད་དེ་གཞི་རིམ་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་བའི་གནས་ཚུལ་ཞིག་རེད།
“‘སྣོན་པའི’བྱེད་ཐབས་སྤྱད་དེ་རྩོད་གཞི་དང་འགལ་བ་འདུམ་འགྲིག་ཐག་གཅོད་བྱས་པ་མ་ཟད། ང་ཚོས་ཁྲིམས་འཛིན་སུའོ་དང་། མངགས་གཏོང་ཁང་། ཁྲིམས་རྩོད་པའི་ལས་དོན་ཁང་བཅས་དབར་གྱི་མཉམ་འགུལ་ལམ་སྲོལ་བཙུགས་ཡོད” ཝུན་ཧུའེ་ལམ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་དོན་གཅོད་ཁང་གི་ཀྲུའུ་རེན་ཞིས་ཅིན་པོས“‘སྣོན་པའི’བྱེད་ཐབས་དེ་སྡེ་ཚན་དབར་གྱི་མཉམ་འགུལ་ཁྲོད་མངོན་ཡོད་ལ། མི་སྣ་དང་དུས་ཚོད་མང་དུ་གཏོང་བའི་ཐད་ནས་ཀྱང་མངོན་ཡོད། སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པས་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་གཅིག་ལྕོགས་འཁུར་རུ་བཅུག་པ་མ་ཟད། སྡེ་ཁུལ་གྱི‘དྲ་མིག་པ’སོགས་ཀྱི་སྟོབས་ཤུགས་ཀྱང་བཏོན་ཡོད”ཅེས་བཤད།
“འཕྲི་བའི”བྱེད་ཐབས་སྐོར་གླེང་སྐབས། ཝུན་ཧུའེ་ལམ་ཁྲོམ་གཞུང་ཏང་སྲིད་གཞུང་ལས་ཁང་གི་འགན་འཁུར་བ་ཚའོ་ཤིའུ་ཧྥང་གིས“ང་ཚོས་བསྡོམས་རྩིས་རྒྱག་སྐབས་སྔོན་མ་ཁྲོམ་གཞུང་དོན་གཅོད་ཁང་གིས་ངོ་སྤྲོད་ཡི་གེ་འབྲི་བ་དང་གཞོགས་འདེགས་བྱེད་དགོས་པའི་བྱ་བ་177ཙམ་འདུག མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི‘གསལ་ཐོ་གསུམ’ལག་ལེན་བསྟར་བས། ཝུན་ཧུའེ་ལམ་ཁྲོམ་གཞུང་གིས་གཞོགས་འདེགས་དང་སྒྲུབ་དགོས་པའི་དོན་དག་ཁག་47བར་ཉུང་དུ་ཕྱིན་འདུག”ཅེས་བརྗོད།
“བསྒྱུར་བའི”བྱེད་ཐབས་སྤྱད་དེ་ཕན་འབྲས་དང་བྱ་བ་སྒྲུབ་པའི་ལས་ཕྱོད་ཆེ་རུ་བཏང་ཡོད། ཝུན་ཧུའེ་ལམ་ཁྲོམ་གཞུང་དོན་གཅོད་ཁང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ཧན་ཡུས་ཧྭ་གཞི་རིམ་དུ་ལས་ཀ་བྱས་ནས་ལོ་མང་སོང་ཞིང་། ཁོང་གིས“སྒུལ་བདེའི་དྲ་སྦྲེལ་འཕེལ་རྒྱས་ཕྱིན་པས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཕྱོད་ཆེ་རུ་ཕྱིན་ཡོད”ཅེས་བརྗོད།
“མྱུར་སྐྱེལ་པ་དང་ཉོ་སྐྱེལ་པ་ཕལ་ཆེ་བ་ནི་གཞོན་ནུ་ཡིན་པ་དང་། ཁོང་ཚོ་སྲང་ལམ་གང་སར་བསྐྱོད་དགོས་པས་སྡེ་ཁུལ་གྱི་གནས་ཚུལ་ལ་རྒྱུས་མངའ་ཆེ་ཙམ་ཡོད། དེས་ན་ང་ཚོས་ཁོང་ཚོར་བརྟེན་ནས་སྡེ་ཁུལ་གྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་ཤེས་རྟོཌ་བྱེད་ཀྱི་ཡོད” ཧན་ཡུས་ཧྭ་ཡིས་སྡེ་ཁུལ་གྱིས་མི་330ལྷག་ཙམ་ཡོད་པའི་དང་བླངས་ཞབས་ཞུའི་རུ་ཁག་ཅིག་བཙུགས་ཡོད་ཅེས་བརྗོད།
2024ལོར་ཝུན་ཧུའེ་ལམ་ཁྲོམ་གཞུང་དོན་གཅོད་ཁང་གིས“རིག་ལྡན་སྡེ་ཁུལ”ལ་བརྟེན་ནས་གྲོང་མིས་སྡེ་ཁུལ་ལ་བཏོན་པའི་བསམ་འཆར་གྲོས་འགོ་དང་དེ་བཞིན་འགལ་བ་དང་རྩོད་གཞི་1402འདུམ་འགྲིག་བྱས་པ་དང་འདུམ་འགྲིག་བྱེད་ཚད་99.6%ཟིན་ཡོད།
“‘བགོ་བའི’བྱེད་ཐབས་སྤྱད་དེ་དཀའ་གནད་ཐག་གཅོད་བྱས་ཡོད། ན་ནིང་ནས་བཟུང་ང་ཚོས་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ལ་དམིགས་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྩ་བཅོས་བྱས་ཡོད” ཁྲོམ་གཞུང་སྒྲིག་ཁྲིམས་ལས་དོན་ཨུ་ལྷན་གྱི་ལས་དོན་པ་ཏའེ་ཀྲི་ཅོན་གྱིས“ཚོགས་ཡིག་གཉིས་མང་སོགས་ཀྱི་གནད་དོན་ལ་དམིགས་ནས། ང་ཚོས་རྒྱུན་དུ་ལྟ་སྐུལ་སྒྲུབ་གཉེར་བྱས་ཏེ་ཡིག་ཆ་དང་ཚོགས་འདུ་ཐོ་འགོད་དང་སྔོན་ནས་ཞིབ་བཤེར་བྱས་ཏེ། ཚོགས་འདུ་ཚང་མ་འཁུ་བསྡུ་པོ་ཞིག་འཚོཌ་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་ང་ཚོས་མཛུབ་མོའི་སྟེང་གི་ཕྱི་ཚུལ་རིང་ལུགས་གཙང་བཤེར་དག་ཐེར་དང་དགོས་པ་དེ་ཙམ་མེད་པའི་སྐད་འཕྲིན་ལས་དོན་ཚོགས་པ་12མེད་པར་བཟོས་ཡོད”ཅེས་བཤད།
(པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)