འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་3ཉིན།

༄༅།།བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་འདི་སྒོ་ཕྱེ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་03ཉིན། 14:24】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གི་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ཚེས་26ཉིན་སྤྱི་བསྒྲགས་སྤེལ་ནས། ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་ཟླ་3ཚེས་1ཉིན་སླར་ཡང་སྒོ་ཕྱེ་རྒྱུ་གཏན་འཁེལ་བྱས་པ་རེད།

གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཡི་ཐོག ས་ཡོམ་རིམ་པ་6.8བརྒྱབ་པའི་རྐྱེན་གྱིས་ཡུལ་སྐོར་བ་དང་དེ་བཞིན་ལས་དོན་མི་སྣའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད། ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱིས་2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་10པ་ནས་བཟུང་ཕྱི་ཕྱོགས་སུ་སྒོ་འབྱེད་མཚམས་འཇོག་འགོ་ཚུགས་པ་རེད།

སྤྱི་བསྒྲགས་ནང་། ཟླ་1ཚེས་22ཉིན་ནས་བཟུང་། ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་སླར་ཡང་སྒོ་ཕྱེ་རྒྱུ་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་ཆེད། དིང་རི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཛེས་ལྗོངས་ཁུལ་གྱི་སླར་ཡང་སྒོ་ཕྱེ་རྒྱུ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མཉམ་འབྲེལ་ཞིབ་བཤེར་ལས་དོན་ཚོ་ཆུང་བཙུགས་ནས། མཛེས་ལྗོངས་ཁུལ་ལམ་རྒྱུད་ཀྱི་མཚམས་ཚིགས་གལ་ཆེན་ཁག་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་ཞིབ་ཚགས་བྱས་པ་དང་། ཉིན་30ལྷག་རིང་དུ་འབད་འཐབ་བྱས་པ་བརྒྱུད། ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་སྒྲིག་བཀོད་ཁག་དང་དེ་བཞིན་ཁོར་ཡུག་ལ་ཕྱོགས་ཡོངས་ནས་དཔྱད་དཔོག་དང་བཅོས་སྒྲིག་བྱས་པ་རེད། མཛེས་ལྗོངས་ཁུལ་ནང་ཁུལ་གྱི་ཆ་རྐྱེན་ཁག་ཚང་མ་བདེ་འཇགས་ངང་སྒོ་འབྱེད་པའི་གཉེར་སྐྱོང་གི་བླང་བྱ་དང་མཐུན་ཡོད་པ་རེད། ཞིབ་འཇུག་གཏིང་ཟབ་དང་ཐག་གཅོད་གཟབ་ནན་བྱས་པ་བརྒྱུད། ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་2025ལོའི་ཟླ་3ཚེས་1ཉིན་ནས་བཟུང་དངོས་སུ་སླར་ཡང་སྒོ་ཕྱེ་རྒྱུ་གཏན་འབེབས་བྱས་པ་རེད།