འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་26ཉིན།

༄༅།།ཨུ་ཡོན་ཞེ་རུའུ་ཡིས་གསུངས་དོན།སློབ་གྲྭའི་འཕྲལ་སྡོམ་མྱུར་སྐྱོབ་གསོ་སྦྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་26ཉིན། 10:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། དབྱང་ཧའོ།

སློབ་གྲྭ་འབྲིང་ཆུང་དུ་འཕྲལ་སྡོམ་མྱུར་སྐྱོབ་གསོ་སྦྱོང་བྱས་ཏེ་ཐོལ་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་དགེ་རྒན་གྱི་འཇོན་ཐང་ཆེ་རུ་བཏང་ཚེ་དགེ་སློབ་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་ནུས་ལྡན་བྱེད་ཐུབ། 2024ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཅང་ཤིས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞེ་རུའུ་ཡིས་སློབ་གྲྭའི་འཕྲལ་སྡོམ་མྱུར་སྐྱོབ་གསོ་སྦྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པར་དོ་ཁུར་ཆེན་པོ་ཐོབ་ཡོད།

ཞེ་རུའུ་ཡིས་སློབ་གྲྭ་མང་པོར་བསྐྱོད་དེ་བརྟག་ཞིབ་བྱེད་སྐབས་ཤེས་རྟོགས་བྱུང་གསལ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་འཕྲལ་སྡོམ་མྱུར་སྐྱོབ་གསོ་སྦྱོང་གི་སློབ་ཚན་བཀོད་སྒྲིག་བྱ་རྒྱུ་མི་འདང་བ་དང་། གསོ་སྦྱོང་གི་ཁེབས་རྒྱ་ཆེན་པོ་མེད་པ། མ་དངུལ་འགན་ལེན་མི་འདང་བ། དཔྱད་ཞིབ་ཀྱིས་སྐུལ་ལྕག་བྱ་རྒྱུ་མི་འདང་བ་སོགས་ཀྱི་གནད་དོན་ཡོད་པ་རེད།

“སློབ་གྲྭ་འབྲིང་ཆུང་དུ‘ལུས་རྩལ་དང་བདེ་ཐང’གི་སློབ་ཚན་དང་མཐོ་སློབ་ཏུ་བདེ་ཐང་སློབ་གསོའི་སྤྱི་པའི་འདེམས་སྦྱོང་སློབ་ཚན་འདང་ངེས་ཡོད་པར་བྱས་ཏེ་ཐབས་ལམ་དང་རྣམ་པ་འདྲ་མིན་སྣ་ཚོགས་ཐོག་ནས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་དགོས་པ་དང་། རོགས་སྐྱོབ་གསོ་སྦྱོང་གི་བླང་བྱ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཚང་མ་ཞུགས་པ་དང་ཚང་མས་ཤེས་པར་འགན་ལེན་བྱེད་དགོས། སློབ་གྲྭའི་སྨན་དོན་པ་དང་། ལུས་རྩལ་དགེ་རྒན། འཛིན་གྲྭའི་ཀྲུའུ་རེན་སོགས་དགེ་རྒན་དང་ལས་བཟོ་འཕྲལ་སྡོམ་རོགས་སྐྱོབ་སྤྱི་ཕན་གསོ་སྦྱོང་ལ་ཞུགས་རྒྱུར་གཙོ་གནད་ཐོག་སྐུལ་འདེད་གཏོང་དགོས”ཞེས་ཞེ་རུའུ་ཡིས་གྲོས་གཞིའི་ནང་བསམ་འཆར་བཏོན་ཡོད།

2024ལོའི་ཟླ་8ཚེས་30ཉིན། ཞེ་རུའུ་ལ་གྲོས་གཞིར་ལན་འདེབས་སྐོར་གྱི་སློབ་གསོ་པུའི་འཕྲིན་ལན་འབྱོར་བའི་ནང་། སློབ་གྲྭའི་འཕྲལ་སྡོམ་སློབ་གསོའི་ལས་དོན་གྱི་སྲིད་ཇུས་བཀོད་སྒྲིག་དང་། སྒྲིག་བཀོད་བཀོད་སྒྲིག སློབ་ཚན་ཁྲིད་ཕྱོགས་སོགས་དང་། རྒྱལ་ཡོངས་ཀྱི་སློབ་གྲྭའི་འཕྲལ་སྡོམ་རོགས་སྐྱོབ་སློབ་གསོའི་ཚོད་ལྟ་ཁུལ་ཁག་དང་པོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཚུལ་གྱི་ནང་དོན་ཚུད་ཡོད། སློབ་གསོ་པུས། གོམ་སྟབས་རྗེས་མར་གྲོས་གཞིའི་བསམ་འཆར་ལ་བསམ་གཞིག་གང་ལེགས་བྱས་ཏེ་རོགས་སྐྱོབ་སློབ་གསོའི་དཔེ་མཚོན་ཉམས་མྱོང་དང་ཐབས་ཇུས་ཀྱི་བྱ་ཐབས་ཁྱབ་གདལ་བཏང་སྟེ། ཚོད་ལྟ་བྱ་ཡུལ་སློབ་གྲྭ་ཁག་དང་པོའི་དཔེ་སྟོན་གྱི་ཕན་ནུས་གང་ལེགས་འདོན་རྒྱུ་དང་། ནང་དོན་གྱི་ཐོན་ཁུངས་དང་ཚད་ལྡན་མ་ལག་འཛུགས་སྐྱོང་འཐུས་སྒོ་ཚང་དུ་བཏང་སྟེ་སློབ་མའི་ལུས་སེམས་གཉིས་ཀར་ཕན་པའི་ཆོས་ཉིད་དང་འཚམ་པའི་སློབ་གསོའི་ནང་དོན་དང་གསོ་སྦྱོང་དཔྱད་ཞིབ་ཀྱི་ཚད་གཞི་བཏོན་ནས་ཚད་ལྡན་ཅན་གྱི་སློབ་ཁྲིད་ཀྱི་བརྙན་ཐུང་མཁོ་སྤྲོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་སློབ་གསོའི་རྟེན་གཞི་100བདམས་ནས་ས་གནས་ཁག་གི་སློབ་གྲྭའི་འཕྲལ་སྡོམ་སློབ་གསོའི་དགེ་རྒན་གསོ་སྦྱོང་དང་སློབ་མ་གསོ་སྦྱོང་ལས་དོན་ལ་འགན་ལེན་ནུས་ལྡན་བྱས་ནས་འཕྲལ་སྡོམ་སློབ་གསོའི་ཐོན་ཁུངས་ཁུལ་དོ་སྙོམས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལུགས་བསྟན་ཡོད་པ་རེད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)