འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་25ཉིན།

༄༅།།བོད་ཀྱི་ལོ་གསར་ལ་ཉིན་གཉིས་རིང་ཕོ་བྲང་སྒོ་རྒྱག་རྒྱུ་རེད་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་25ཉིན། 14:09】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

རྒྱ་ཆེའི་ཡུལ་སྐོར་བ་དང་མང་ཚོགས་རྣམ་པ།

བོད་ཀྱི་ལོ་གསར་སླེབས་ཉེར་། ཚང་མར་ཉེན་མེད་དང་ཞི་བདེའི་གཟིགས་སྐོར་གྱི་ཁོར་ཡུག་ཅིག་མཁོ་འདོན་བྱེད་ཆེད། ཕོ་བྲང་པོ་ཏ་ལའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ད་ལྟ་འབྲེལ་ཡོད་དོན་དག་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

1、བོད་ཀྱི་ལོ་གསར་གནམ་གོང་ཉིན་མོ་(སྤྱི་ཟླ་2ཚེས་27ཉིན་)གཅིག་རིང་ཕོ་བྲང་པོ་ཏ་ལ་སྒོ་རྒྱག་རྒྱུ་དང་། བོད་ལོའི་ལོ་གསར་ཚེས་གཅིག་ཉིན་(སྤྱི་ཟླ་2ཚེས་28ཉིན་)གྱི་ཐོ་རེངས་ཆུ་ཚོད་6:00པ་ནས་སྒོ་ཕྱེ་རྒྱུ་ཡིན་པས། གཟིགས་སྐོར་བ་རྣམ་པ་ཕོ་བྲང་པོ་ཏ་ལའི་སྒོ་ཆེན་(ལྷོ་སྒོ་)ནས་འཛུལ་རོགས། བོད་ཀྱི་ལོ་གསར་ཚེས་གཉིས་ཉིན་(སྤྱི་ཟླ་3ཚེས་1ཉིན་) ཉིན་གཅིག་རིང་ཕོ་བྲང་སྒོ་རྒྱག་རྒྱུ་ཡིན། སྤྱི་ཟླ་3ཚེས་2ཉིན་ནས་བཟུང་རྒྱུན་ལྡན་ལྟར་སྒོ་ཕྱེ་རྒྱུ་ཡིན།

2、སྒྲིག་ལམ་རྒྱུན་ལྡན་བཞིན་སྲུང་བདེ་ཡོང་བ་དང་འཚང་ཁ་དང་རྡོག་བརྫིས་སོགས་པའི་དོན་རྐྱེན་མི་ཡོང་བར་བྱེད་ཆེད། ལོ་གསར་ཚེས་གཅིག་(2ཚེས་28ཉིན།) ཕོ་བྲང་དུ་སྐྱོད་ལམ་དུ་ལམ་ར་སྐོང་ཡོད་པས། རྒྱ་ཆེའི་གཟིགས་སྐོར་བ་མང་ཚོགས་ཀྱིས་རང་འགུལ་ངང་གྲལ་སྟར་བསྒྲིགས་ནས་ལམ་ར་འགྲིམས་ཏེ་ཕོ་བྲང་ལ་གཟིགས་སྐོར་གནང་བར་ཕེབས་རོགས།

3、རྒྱ་ཆེའི་གཟིགས་སྐོར་བ་རྣམ་པས་མཛེས་ལྗོངས་ཁུལ་གྱི་སྒོ་འབྱེད་དུས་ཚོད་དང་སྤ་སེ་སྔོན་བཀོད་བྱེད་སྟངས་སྔོན་ནས་ཆ་རྒྱུས་བླངས་ཏེ། འཆར་གཞིའི་གཟིགས་སྐོར་དུས་ཚོད་བཞིན་སྔོན་བཀོད་ལེགས་གྲུབ་ཡོང་བའི་ཁག་ཐེག་བྱེད་དགོས།

4、མཛེས་ལྗོངས་ཁུལ་གྱི་གཏན་འབེབས་གཞིར་བཟུང་། ཁ་ཆད་བྱས་པའི་དུས་ཚོད་འཚམ་པོར་འདེམས་དགོས། དུས་ལས་ཡོལ་ཏེ་གཟིགས་སྐོར་ཉམས་ལེན་ལ་ཤུགས་རིགས་མི་བར་བྱེད་དགོས། ལྷག་པར་དུ་ལོ་གསར་ཚེས་གཅིག་ཉིན་(སྤྱི་ཟླ་2ཚེས་28ཉིན་)ཆུ་ཚོད་10:00པ་ནས་11:00པ་བར་ཁ་ཆད་བྱས་པའི་གཟིགས་སྐོར་བ་ཚོ་ཆུ་ཚོད་གཅིག་གཉིས་ཙམ་གྱི་སྔོན་ནས་ཕོ་བྲང་ཡོང་ནས་གཟིགས་སྐོར་གནང་རོགས།

5、སྔོན་བཀོད་འཆར་གཞི་ལེགས་འགྲུབ་བྱུང་རྗེས། སྔོན་བཀོད་ཆ་འཕྲིན་ཉར་ཚགས་ཡག་པོར་བྱས་ནས་མཛེས་ལྗོངས་ཁུལ་གྱི་འཛུལ་ས་ནས་ལས་དོན་མི་སྣར་བསྟན་དགོས།

6、ཁ་ཆད་མེད་པར་བཟོ་དགོས་པའམ་བཟོ་བཅོས་རྒྱག་དགོས་ན། སྔོན་ལ་མཛེས་ལྗོངས་ཁུལ་དང་འབྲེལ་བ་བྱས་ནས་འབྲེལ་ཡོད་གཏན་འབེབས་ཆ་རྒྱུས་ལོན་དགོས།

7、གཟིགས་སྐོར་གྱི་ཉིན་མོར་སྔོན་ལ་མཛེས་ལྗོངས་ཁུལ་དུ་འབྱོར་ནས་ཕོ་བྲང་དུ་འཛུལ་བའི་འགྲོ་ལུགས་འགྲིམས་པའི་དུས་ཚོད་འདང་ངེས་ཤིག་འཇོག་དགོས།

8. དམིགས་བསལ་གྱི་གནས་ཚུལ་དཔེར་ན། གནམ་གཤིས་ཀྱི་རྒྱུ་རྐྱེན་དང་ཡང་ན་མཛེས་ལྗོངས་ཁུལ་གྱི་སྒོ་འབྱེད་དུས་ཚོད་གནས་སྐབས་ལེགས་སྒྲིག་བྱས་ཚེ། ཡུལ་ལྗོངས་ཁུལ་གྱི་སྤྱི་བསྒྲགས་ལ་དོ་སྣང་ཆེན་པོ་བྱས་ནས་དུས་ཐོག་ཏུ་སྐྱོད་ལམ་ལེགས་སྒྲིག་བྱེད་དགོས།

9、གཟིགས་སྐོར་གནང་རིང་། མཛེས་ལྗོངས་ཁུལ་གྱི་གཏན་འབེབས་བརྩི་སྲུང་དང་། སྒྲིག་ལམ་རྒྱུན་འཁྱོངས་དང་ལྟ་སྐོར་ཚུལ་དང་ལྡན་པར་བྱེད་དགོས།

སྐུ་ཉིད་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།

ཆེད་དོན་བརྡ་ཁྱབ།

བོད་རང་སྐྱོང་ལྗོངས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ།

2025ལོའི་ཟླ་2ཚེས་24ཉིན།