གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་25ཉིན། 14:07】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
2025ལོའི་ཟླ་2ཚེས་24ཉིན། ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཐོག སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་དབྱང་ཁེ་ཉིང་གིས་ལྐོག་རྔན་བླངས་པ་དང་། ཁྲིམས་འགལ་ངང་མེ་མདའ་དང་རྫས་མདེལ་ཉར་བའི་གྱོད་གཞི་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས། ཞུ་སྦྱོར་ཕྱི་མ་བ་དབྱང་ཁེ་ཉིང་ལ་ལྐོག་རྔན་བླངས་པའི་ཉེས་གསོག་གི་ཐོག་ནས་དུས་བཀག་བཙོན་འཇུག་ལོ་བཅོ་ལྔ་བྱ་རྒྱུ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་བཞི་བརྒྱ་གཅོད་རྒྱུ་དང་། ཁྲིམས་འགལ་ངང་མེ་མདའ་དང་རྫས་མདེལ་ཉར་བའི་ཉེས་གསོག་ལ་དུས་བཀག་བཙོན་འཇུག་ལོ་གཉིས་བྱ་རྒྱུ་རེད། མཉམ་དུ་དུས་བཀག་བཙོན་འཇུག་ལོ་བཅུ་དྲུག་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་བཞི་བརྒྱ་ཆབས་སྦྲགས་སུ་གཅོད་རྒྱུ་དང་། གྱོད་གཞིའི་ཁྲོད་ཀྱི་དབྱང་ཁེ་ཉིང་གིས་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པ་ལས་ཐོབ་པའི་རྒྱུ་ནོར་དང་དེ་ལས་སྐྱེད་འཕེལ་བྱུང་བའི་རིགས་བདའ་འདེད་གཏོང་ནས། བཅའ་ཁྲིམས་ལྟར་རྒྱལ་མཛོད་ལ་འབུལ་རྒྱུ་དང་། མི་འདང་བའི་ཆ་དེ་མུ་མཐུད་བདའ་འདེད་གཏོང་རྒྱུ་རེད།