གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་25ཉིན། 13:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཡུན་རིང་མ་སོང་གོང་གོ་ལ་ཧྲིལ་པོའི་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་མགྱོགས་ཤོས་CR450འགུལ་སྐྱོད་མེ་འཁོར་ཚོགས་ཆུང་གིས་མ་དཔེ་རླངས་འཁོར་ཇུས་འགོད་ལེགས་གྲུབ་བྱུང་བ་དང་། ལམ་ཐིག་ལས་བདེ་བླག་ངང་འབུད་ཡོད་པ་རེད། མིག་སྔར། ཞིབ་འཇུག་གསར་སྤེལ་ཚོགས་པས་ཚན་རིག་གི་ཚོད་ལྟ་དང་ནུས་པ་ར་སྤྲོད་རབ་དང་རིམ་པ་སྤེལ་ནས། སྒུལ་འཁོར་ཚོགས་ཆུང་སྔ་ཙམ་ཚོང་ལས་གཉེར་སྐྱོང་ནང་ཞུགས་རྒྱུར་ཆ་རྐྱེན་བསྐྲུན་བཞིན་ཡོད་པ་རེད།
རྒྱལ་ཁབ་ལྕགས་ལམ་ཚོད་ལྟའི་ལྟེ་གནས་སུ་བཟོ་སྐྲུན་པ་རྣམས་ཀྱིས་CR450སྒུལ་འཁོར་ཚོགས་ཆུང་གི་མ་དཔེ་རླངས་འཁོར་ལ་ལྗིད་ཚད་འཇལ་བའི་ཚོད་ལྟ་བྱེད་བཞིན་འདུག CR450འཁོར་སྐྱོད་རླངས་འཁོར་ཚོ་ཆུང་གི་འཁོར་སྐྱོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་400ལ་སླེབས་ཐུབ་མོད། འོན་ཀྱང་ལྕགས་ལམ་ལ་ཕོག་ཐུག་ཉུང་དུ་གཏོང་ཆེད། ལམ་ཐིག་ཐོག་བསྐྱོད་སྐབས་མེ་འཁོར་གྱི་ལྗིད་ཚད་ངེས་པར་དུ་10%ཡན་ཇེ་ཆུང་དུ་གཏོང་དགོས།
མིག་སྔར། CR450སྒུལ་འཁོར་ཚོགས་ཆུང་གི་མ་དཔེ་རླངས་འཁོར་འདྲུད་འཐེན་དང་། བཀག་གཏོང་། འཛེར་སྒྲ་སོགས་ཆེད་ལས་ཚོད་ལྟའི་ཚོགས་པ་ཁག་གིས་འཇགས་རྣམ་དང་མྱུར་ཚད་དམའ་བའི་འགུལ་རྣམ་སྙོམ་སྒྲིག་ཚོད་ལྟ་ལེགས་གྲུབ་ཟིན་པ་དང་། དེ་རྗེས་རིམ་པ་བཞིན་མྱུར་ཚད་མགྱོགས་སུ་གཏོང་བའི་འགུལ་རྣམ་འཁོར་སྐྱོད་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད།
2025ལོར། རྒྱལ་ཁབ་ལྕགས་ལམ་ཚོགས་པས་ཧྲང་ཧའེ་ཁྲུང་ཆིང་ཁྲུང་ཏུང་མྱུར་བགྲོད་ལྕགས་ལམ་ཝུའུ་དབྱི་དུམ་བུ་སོགས་ལམ་ཐིག་གསར་པའི་མཉམ་འབྲེལ་སྙོམ་སྒྲིག་སྤྱད་དེ་CR450འགུལ་སྐྱོད་མེ་འཁོར་ཚོགས་ཆུང་གི་རྣམ་པ་ཚོད་ལྟ་མགྱོགས་མྱུར་ལེགས་གྲུབ་བྱས་ཏེ། མྱུར་ཚད་རིམ་པ་མང་བ་དང་རྣམ་པ་མང་བའི་ཚན་རིག་ཞིབ་འཇུག་ཚོད་ལྟ་དང་བེད་སྤྱོད་དཔྱད་ཞིབ་བྱ་རྒྱུ་ཡིན་པ་རེད།