གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་24ཉིན། 13:45】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་20ཉིན། ཨ་རིའི་ནོར་སྲིད་པུའུ་ཡི་ཕྱི་རྒྱལ་གྱི་རྒྱུ་ནོར་ཚོད་འཛིན་གཞུང་ལས་ཁང་གིས་གསལ་བསྒྲགས་སྤེལ་ནས། ལུའུ་ཝང་ཏ་ཕྱི་འབྲེལ་རྒྱལ་དོན་པུའུ་ཡི་པུའུ་ཀྲང་ཁ་པ་ལེ་པེར་(James Kabarebe)ཁྲིམས་འདོམས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། རྒྱུ་མཚན་ནི་ཁོ་ནི་ལུའུ་ཝང་ཏ་ཡི་ཀང་ཁོ་(ཅིན་)སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་དཔུང་“M23ལས་འགུལ་”ལ་རྒྱབ་སྐྱོར་བྱེད་པའི་སྲོག་ཤིང་མི་སྣ་ཡིན་པའི་དབང་གིས་རེད།
དེ་མིན། ཨ་རིས་“M23ལས་འགུལ་”གྱི་མགྲིན་ཚབ་པ་ལའོ་ལུན་སི་·ཁན་ཡིའུ་ཁ་·ཅིན་སི་ཏུན་(Lawrence Kanyuka Kingsto)དང་། དབྱིན་ཇི་དང་ཧྥ་རན་སི་རུ་ཐོ་འགོད་བྱས་པའི་ཀུང་སི་གཉིས་ཀྱང་བཀག་སྡོམ་བྱས་པ་རེད།