བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ལུང་རི་སྡེ་ཁུལ་གྱིས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་24ཉིན། 09:53】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
2024ལོ་ནས་བཟུང་། བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་ལུང་རི་སྡེ་ཁུལ་གྱིས་ཏང་འཛུཌ་སྐྱོང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྡེ་ཁུལ་ནང“གཅེས་སེམས་དངོས་པོས་གཅེས་སེམས་སྐར་གསོག་བརྗེས་ནས་གཅེས་སེམས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། གཅེས་སེམས་བྱ་སྤྱོད་ཀྱིས་གཅེས་སེམས་སྐར་གསོག་བརྗེས་ནས་གཅེས་སེམས་ཀྱི་དངོས་པོ་ལེན་པའི”བྱེད་སྒོ་མུ་མཐུད་སྤེལ་ནས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱས་ཡོད།
ལུང་རི་སྡེ་ཁུལ་གྱི་འགན་འཁུར་བ་ཆོས་བཟང་གིས་ངོ་སྤྲོད་བྱས་པར། བྱེད་སྒོའི་སྒྲིག་སྲོལ་ལྟར་གྲོང་མིས་བེད་མེད་དུ་བཞག་པའི་དངོས་རྫས་ཞལ་འདེབས་བརྒྱབ་ནས་གཅེས་སེམས་ཀྱི་སྐར་གསོག་བརྗེ་ཆོག་ལ་གཅེས་སེམས་ཀྱི་དངོས་པོ་བརྗེ་རེས་ཀྱང་བྱས་ཆོག་གི་ཡོད། དེའི་དམིཌ་ཡུལ་ནི་གྲོང་མིའི་ཁྱིམ་གྱི་ཡུན་རིང་བེད་མེད་དུ་བཞག་པའི་དངོས་པོ་བེད་སྤྱོད་གང་ལེགས་བྱ་ཆེད་ཡིན། གཞན་ཡང་གྲོང་མིས་ད་དུང་སྡེ་ཁུལ་གྱི་ཞབས་ཞུ་དང་། ཁོར་ཡུག་སྲུང་སྐྱོང་། བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས། དང་བླངས་ཞབས་ཞུ། སྤྱི་ཚོགས་རོགས་སྐྱོབ་སོགས་ཀྱི་བྱེད་སྒོར་ཞུགས་ནས་གཅེས་སེམས་ཀྱི་སྐར་གསོག་བརྗེ་ཆོག་པ་དང་། ཐོབ་པའི་སྐར་གསོག་གིས་སྡེ་ཁུལ་གྱི་གཅེས་སེམས་སྒོ་རྩིས་ཚོང་ཁང་ནས་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་ཏེ། ཁྱིམ་སྤྱོད་གློག་ཆས་དང་། འབྲུ་རིགས། སྣུམ། ཉལ་ཁྲིའི་མཁོ་ཆས་སོགས་བརྗེ་ཆོག མི་སྒེར་རམ་ཡང་ན་ཁྱིམ་ཚང་ལ་ཐོབ་པའི་སྐར་གསོག་དེ་སྡེ་ཁུལ་གྱི་ཆ་སྙོམས་སྐར་གྲངས་ལས་མཐོ་ན། “ཏང་ཡོན་ཡག་ཤོས”སམ་ཡང་ན“ཁྱིམ་ཚང་ཡག་ཤོས”ལ་འོས་སྦྱོར་བྱས་ཆོག སྐར་གསོག་གི་ཨང་རིམ་མདུན་གྲས་ཀྱི་ཡུལ་མི་རྣམས“ཨུ་ལྷན་གཉིས་དང་འཐུས་མི་གཅིག”དང་། གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ། དམག་ཞུགས་མི་སྣ། ཏང་ནང་ཞུགས་མཁན་ཧུར་བརྩོན་མི་སྣ་སོགས་ཀྱི་འོས་མིར་འདེམས་ཀྱི་ཡོད།
ལུང་རི་སྡེ་ཁུལ་གྱིས་སྡེ་ཁུལ་གྱི་ཏང་ཀྲི་པུའུ་དང་ཏང་ཚོགས་ཆུང་གི་རྩ་འཛུགས་ཀྱི་གྲུབ་ཚུལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་དྲ་མིག་བཀོད་སྒྲིག་བྱེད་པ་བཅས་བྱས་ནས་སྡེ་ཁུལ་གྱི་དྲ་མིག་བསྐྱར་དུ་དྲ་མིག་10ལ་བགོས་ཏེ། “དྲ་མང་གཅིག་འབྲེལ”ལག་བསྟར་བྱས་ནས་གྲོང་མིའི་ཚོཌ་ཆུང་དང་དྲ་མིག་ཆུང་ངུ་ཕན་ཚུན་སྙོམ་སྒྲིག་དང་ཁུལ་ཆུང་དང་དྲ་མིག་ཟུང་འབྲེལ་བྱེད་པའི་ཚད་གཞིར་སླེབས་ཡོད། ཆེད་ལས་དྲ་མིག་པ་20བཀོད་སྒྲིག་བྱས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་མི་ཤུགས་འགན་ལེན་བརྟན་པོ་མཁོ་འདོན་བྱས་པ་དང་། “དྲ་མིག་གཅིག་གིས་ཡོངས་ལ་དོ་དམ་བྱེད་པ”དང་དྲ་དཔོན་གྱིས“འགན་འཁྲི་འཁུར་བར”སྐུལ་འདེད་གཏོང་བ། ཉེན་རྟོག་སྟོབས་ཤུགས་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་བཏང་ནས“གྲོང་ཚོ་གཅིག་ལ་ཉེན་དོན་ཁང་གཅིག”དོན་འཁྱོལ་བྱས་ཏེ། ཉེན་དོན་ཁང་1བཙུགས་པ་མ་ཟད། ལས་བྱེད་པ་དང་ཉེན་རྟོག་པ་2བཀོད་སྒྲིག་བྱས་ཡོད།
དེ་དང་ཆབས་ཅིག “ཏང་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང”ཟུང་འབྲེལ་གྱི་བསམ་བློ་དང་བྱེད་ཐབས་སྤྱད་དེ་གཙོ་རྒྱུ་ཀུན་འདུས་ཀྱི་དྲ་མིག་ཅན་གྱི་སྤྱི་ཚོགས་བཅོས་སྐྱོང་དང་ཟུང་འབྲེལ་བྱས་ཏེ། ཏང་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་རེ་འདུན་མཚོན་པ་དང་། སྲིད་ཇུས་བློ་འདྲི། དམངས་འཚོ་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོཌ་བསྡུས་ཞབས་ཞུའི་སྟེགས་བུ་བསྐྲུན་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཟོས་ནས་དོན་ཆེན་ལ་མཉམ་དུ་གྲོས་མོལ་དང་། དོན་དག་མཉམ་དུ་སྒྲུབ་པ། དོན་གནད་མཉམ་དུ་ཐག་གཅོད། ཛ་དྲག་གནད་དོན་ལ་མཉམ་དུ་གྲོས་བསྡུར། དཀའ་གནད་མཉམ་དུ་ཐག་གཅོད་བཅས་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། ལུང་རི་སྡེ་ཁུལ་གྱིས་ཚད་གཞི་མཐོ་པོའི་སྒོ་ནས“ཕྱོཌ་ལྔ་གཞི་གཅིག”གི་སྡེ་ཁུལ་བཀོད་འདོམས་ལྟེ་གནས་བསྐྲུན་ནས་དྲ་མིག་ཆ་འཕྲིན་མ་ལག་དང་། འཕྲལ་སྡོམ་དོ་དམ་བཀོད་འདོམས་མ་ལག ཀུན་མཐོང་འདུ་འགོད་སོགས་མ་ལག་ལྟེ་གནས་སུ་ཁྱབ་པར་སྐུལ་འདེད་བཏང་སྟེ་གཅིག་གྱུར་བཀོད་འདོམས་བཀོད་གཏོང་བྱས་ཡོད། ཕྱོགས་བསྡུས་བཅོས་སྐྱོང་ཆ་འཕྲིན་མ་ལག་ཕབ་ལེན་ལས་དོན་ཤུཌ་ཆེན་སྤེལ་ནས་ཕྱོཌ་ཡོངས་ནས་མི་དང་། ས་གནས། ལས་དོན། རྩ་འཛུགས། གནས་ཡུལ་སོཌ་ཀྱི་གྲངས་གཞི་འཚོལ་བསྡུ་བྱེད་པ་དང་། སྤྱི་ཚོགས་བདེ་འཇགས་དང་། བདེ་འཇགས་ཐོན་སྐྱེད། འགལ་བ་རྩོད་གཞི་སོགས་མངོན་མེད་རྐྱེན་ངན་གྲལ་བཤེར་ལས་དོན་ཧུར་ཐག་སྤེལ་ནས་ཉིན་རེའི་སྐོར་ཞིབ་དང་། ཟླ་རེའི་གྲལ་བཤེར། དུས་ཚིགས་རེའི་མཉམ་འབྲེལ་ཞིབ་བཤེར་བཅས་བྱས་ནས་གནད་དོན་སྔ་ཙམ་ཤེས་རྟོཌ་དང་། སྔ་ཙམ་ཐག་གཅོད། སྔ་ཙམ་སེལ་བ་བཅས་བྱས་ཏེ། “ཤེས་རྟོཌ་དང་། གོང་ཞུ། ཐག་གཅོད། ལྟ་སྐུལ། གདེང་འཇོག འཚམས་འདྲི”བཅས་ཀྱི་གདུབ་ཟུམ་དོ་དམ་བྱས་ཤིང་། 2023ལོའི་ཟླ་བཞི་པ་ནས་2024ལོའི་ལོ་མཇུག་བར། ལུང་རི་སྡེ་ཁུལ་གྱིས་ཁྱོན་བསྡོམས་འགལ་བ་དང་རྩོད་གཞི་སྣ་ཚོཌ་26ཞིབ་བཤེར་བྱས་པ་ཚང་མ་ཐག་གཅོད་ཐུབ་ནས་མང་ཚོཌ་ཀྱི་བདེ་སྐྱིད་ཀྱི་སྟོན་གྲངས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།