འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་16ཉིན།

༄༅།།ཟླ་དང་པོར་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་འཕར་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་16ཉིན། 18:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོ་ཚུན་དུ། རང་རྒྱལ་གྱི་དངུལ་རྩའི་སྤྱི་འབོར་ལུགས་མཐུན་ངང་འཕར་བ་དེས་ལོ་འགོར་དཔལ་འབྱོར་བརྟན་པོ་ཡོང་བར་དངུལ་རྩའི་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། ཟླ་དང་པོར་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་འཕར་ཚད་སྒོར་དུང་ཕྱུར་ཁྲི་7.06ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་5833འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད།

ཟླ་1པོར། རང་རྒྱལ་གྱི་དངུལ་བུན་གཞི་ཁྱོན་ལུགས་མཐུན་ངང་འཕར་ཡོད། མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་5.13འཕར་ནས་དུས་མཚུངས་ལས་སྒོར་དུང་ཕྱུར་2133འཕར་ཡོད། ཟླ་དང་པོའི་ཟླ་མཇུག་བར། མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་260.77ཟིན་པ་དེ་དུས་མཚུངས་ལས་7.5%འཕར་ཡོད། གྲུབ་ཆ་ནས་བལྟས་ན། ཀུན་ཕན་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་33.31ཟིན་པ་དེ་དུས་མཚུངས་ལས་12.7%འཕར་ཡོད། བཟོ་སྐྲུན་ལས་རིགས་ཀྱི་དུས་ཡུན་རིང་འབྲིང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་14.41ཟིན་པ་དེ་དུས་མཚུངས་ལས་11.4%འཕར་ཡོད། གོང་གི་དངུལ་བུན་འཕར་ཚད་ཚང་མ་དུས་མཚུངས་ཀྱི་དངུལ་བུན་ཁག་གི་འཕར་ཚད་ལས་མཐོ་བ་ཡོད། མི་སྒེར་གྱི་སྡོད་ཁང་དངུལ་བུན་འཕར་ཚད་ཅུང་ལེགས་སུ་ཕྱིན་པ་སྟེ། ཟླ་དང་པོར་མི་སྒེར་གྱི་སྡོད་ཁང་དངུལ་བུན་སྒོར་དུང་ཕྱུར་2447གསར་དུ་འཕར་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་1519འཕར་ཡོད།

གཞན་ཡང་། ཟླ་དང་པོར་རང་རྒྱལ་གྱི་རྒྱུན་གཏན་ཉོ་ཚོང་རྣམ་གྲངས་ཀྱི་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་དུས་རྩིས་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1.43ཟིན་པའི་ནང་དངོས་ཟོག་ཚོང་དོན་དང་ཞབས་ཞུའི་ཚོང་དོན་དང་དེ་བཞིན་རྒྱུན་གཏན་གྱི་རྣམ་གྲངས་གཞན་དག་སྒོར་དུང་ཕྱུར་ཁྲི་1.12དང་སྒོར་དུང་ཕྱུར་ཁྲི་0.31སོ་སོར་ཟིན་ཡོད། ཐད་ཀའི་མ་འཇོག་རྒྱལ་སྒྲོལ་གྱི་མི་དམངས་ཤོག་སྒོར་གྱི་མཇུག་རྩིས་དངུལ་འབོར་སྒོར་དུང་ཕྱུར་ཁྲི་0.76ཟིན་པའི་ནང་ཕྱི་ཕྱོགས་ལ་ཐད་ཀར་མ་དངུལ་གཏོང་བ་དང་ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མ་དངུལ་གཏོང་བ་སྒོར་དུང་ཕྱུར་ཁྲི་0.25དང་སྒོར་དུང་ཕྱུར་ཁྲི་0.51སོ་སོར་ཟིན་ཡོད་པ་རེད།