འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་14ཉིན།

༄༅།།བརྙན་ལམ་འཁྲབ་ཚན་ཐུང་གྲས་ཀྱིས་ཀྲུང་གོའི་ལྟད་མོ་བའི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་14ཉིན། 10:17】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ད་ཆ་བརྙན་ལམ་འཁྲབ་ཚན་ཐུང་གྲས་ཀྱི་སྨྱན་སྦྱོར་རྣམ་པ་གསར་པ་དེ་རིགས་ལ་ཀྲུང་གོར་དགའ་བསུ་ཆེན་པོ་ཐོབ་ཡོད། དེའི་ཐོག་ནས་འཛད་སྤྱོད་བྱེད་སྟངས་ལ་འགྱུར་ལྡོག་གསར་པ་བྱུང་བ་མཚོན་གྱི་ཡོད་པ་རེད། རིག་ནུས་ལག་ཐོགས་ཁ་པར་ལ་དམིགས་ནས་བཟོས་པའི་བརྙན་ལམ་འཁྲབ་ཚན་ཐུང་གྲས་རབ་དང་རིམ་པར་བཟོ་ལས་ཅན་གྱི་ཆུ་ཚད་ངེས་ཅན་ལྡན་ཡོད། དེ་དག་གིས་ལེའུ་རེར་སྐར་མ་1ནས་3བར་སྒྲིག་བཟོ་བྱས་ཏེ་བརྙན་ཤེལ་ཆུང་ངུའི་མདུན་གྱི་ལྟད་མོ་བ་ཚོའི་ཡིད་དབང་རབ་ཏུ་འཕྲོག་པར་བྱེད་ཀྱི་ཡོད་པ་སྟེ། བསམ་ཡུལ་ལས་འདས་པའི་མཇུག་འབྲས་དང་འགྱུར་ལྡོག་ཆེ་བའི་གཏམ་རྒྱུད་ཀྱི་བརྗོད་བྱ་ཡིས་ལྟད་མོ་བ་རྣམས་ཀྱི་ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོག་གི་ཡོད། བརྙན་ལམ་འཁྲབ་ཚན་ཐུང་གྲས་འདི་དག་རྒྱུན་དུ་ལེའུ་50ནས་100བར་མི་འདྲ་བ་ཡོད་ཅིང་། ལེའུ་སྔོན་མ་ཁ་ཤས་ལ་སྤྱིར་ན་རིན་སྤྲོད་དགོས་ཀྱི་མེད། དེ་རྗེས་ལེའུ་གཅིག་མང་དུ་ལྟ་རིམ་བཞིན་ལྟད་མོ་བ་ཚོས་དེ་བསྟུན་གྱི་གྲོན་དངུལ་མི་ཉུང་བ་སྤྲོད་དགོས་ཀྱི་ཡོད།

    ཀྲུང་གོའི་དྲ་རྒྱའི་ལྟ་ཉན་མཐུན་ཚོགས་ཀྱིས་ཚོད་རྩིས་བརྒྱབ་པར་གཞིགས་ན། 2024ལོར་བརྙན་ལམ་འཁྲབ་ཚན་ཐུང་གྲས་ལས་རིགས་ཀྱི་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་504.4ཙམ་ཟིན་ཡོད།

    ཀྲུང་གོའི་ཀུང་སིས་ཕྱི་རྒྱལ་དུ་ལས་སྒོ་རྒྱ་སྐྱེད་གཏོང་རྩིས་བྱེད་ཀྱི་ཡོད་ཅིང་། ཀྲུང་གོ་ཕུད་པའི་ལས་སྟེགས་ཁ་ཤས་ཀྱིས་སྐད་སྒྱུར་ཟིན་པའི་ཀྲུང་གོའི་བརྙན་ལམ་འཁྲབ་ཚན་ཐུང་གྲས་མཁོ་འདོན་བྱེད་འགོ་རྩོམ་བཞིན་ཡོད་པ་དང་། ཀྲུང་གོའི་གློག་བརྙན་བཟོ་སྐྲུན་ཀུང་སིས་དབྱིན་ཡིག་གི་ནང་དོན་བཟོ་བཞིན་ཡོད།

    ——སི་ཕེན་གྱི《རྒྱལ་ཁབ་ཚགས་པར》དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་།