འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་14ཉིན།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས།

༄༅།།པེ་ཅིང་དུ་བཞུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་གནས་ཚུལ་ཁྱབ་བསྒྲགས་བྱེད་པའི་ཚོགས་འདུ་འཚོགས་པ།

འཐུས་མི་རྣམས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་རྒྱུར་གྲ་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་14ཉིན། 10:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་དང་རྒྱུན་ལས་ཨུ་ལྷན་འཐུས་མིའི་ལས་དོན་ཨུ་ལྷན་གྱིས་པེ་ཅིང་དུ་བཞུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་གནས་ཚུལ་ཁྱབ་བསྒྲགས་བྱེད་པའི་ཚོགས་འདུ་འཚོགས་ཏེ། འཐུས་མི་རྣམས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་རྒྱུར་གྲ་སྒྲིག་བྱས་པ་རེད།

     རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གི་འགན་འཁུར་བློ་མཐུན་གཙོ་བོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་གཙོ་བོ་དང་2025ལོའི་ལས་དོན་བཀོད་སྒྲིག་རགས་ཙམ་ཁྱབ་བསྒྲགས་བྱས་པ་རེད། ཁོང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱེད་པ་དང་། ཡང་སྒོས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་བཀོད་སྒྲིག་བྱས་པའི་ལས་འགན་ཁག་ལེགས་སྒྲུབ་ནན་ཏན་བྱས་ནས་ཕྱོགས་ཁག་གི་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་ཕན་འབྲས་གསར་པ་ཐོན་པར་བྱེད་དགོས། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་གྱི་འགན་འཁྲི་སྒྲུབ་པ། རྩ་ཁྲིམས་སྲོག་ཤིང་དུ་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ནུས་པ་གལ་ཆེན་གང་ལེགས་འདོན་པ། འཐུས་མིར་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་ལས་འགན་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བཅས་བྱས་ནས“ལས་ཁུངས་བཞིའི”བླང་བྱ་ལྟར་རྒྱུན་ལས་ཨུ་ལྷན་རང་ངོས་འཛུགས་སྐྱོང་ཤུགས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་ཟླ་3ཚེས་5ཉིན་པེ་ཅིང་དུ་འཚོག་རྒྱུ་རེད། འཐུས་མི་རྣམ་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་གྲོས་གཞི་དང་གྲོས་འགོ་གྲ་སྒྲིག་ཞིབ་ཚགས་བྱས་ཏེ། ཚོགས་ཆེན་གྱི་སྔོན་བཀོད་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་ཡོང་བར་རྨང་གཞི་བརྟན་པོ་འདིང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བཅའ་ཁྲིམས་ཀྱི་གྲོས་གཞི་38ལ་གྲོས་ཞིབ་བྱས་པ་ལས་བཅའ་ཁྲིམས་ཁག་6བཟོས་པ་དང་། བཅའ་ཁྲིམས་ཀྱི་ནང་དོན་14ལ་བཟོ་བཅོས་བརྒྱབ་པ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་ཚབས་ཆེན་སྐོར་གྱི་གཏན་འབེབས་4བཟོས་པ་བཅས་གྲོས་གཞི་24ལ་གྲོས་འཆམ་བྱུང་ཡོད། བཅའ་ཁྲིམས་ཁག་ལྔ་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། “སྲིད་གཞུང་གཅིག་དང་། ཨུ་ལྷན་གཅིག ཁང་གཉིས”བཅས་ཀྱི་སྙན་སྒྲོན་21ཉན་ནས་གྲོས་ཞིབ་བྱས་པ། ཆེད་དོན་འདྲི་རྩད་ཐེངས་2དང་ཆེད་དོན་བརྟག་ཞིབ་ཁག་9བྱས་ཡོད། ཆིངས་ཡིག་དང་གྲོས་ཆོད་གལ་ཆེན་ཁག་12ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པ་མི་ཐེངས་282ཀྱི་གོ་གནས་བསྐོ་འཐེན་བྱ་རྒྱུའི་གཏན་འབེབས་དང་ཆོག་མཆན་སྤྲད་ཡོད།

    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། 2024ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ལས་དོན་གྱི་གནས་ཚུལ་སོ་སོར་བརྡ་ཁྱབ་བཏང་བ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་འབྲེལ་ཡོད་སྡེ་ཚན་གྱིས་ཡིག་ཐོག་སྙན་ཞུ་ཕུལ་བ་རེད།