ས་ཆ་རག་པ་ནས་ཐོན་སྐྱེད་བྱེད་པའི་བར་དུས་ཡུན་ཟླ་བ་དགུ་ལས་འགོར་མེད་པ།
འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་དབྱིན་ཤིན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་14ཉིན། 10:14】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་2ཚེས་11ཉིན་ཐེ་སི་ལཱ་ཧྲང་ཧའེ་གསོག་ནུས་རིམ་འདས་བཟོ་གྲྭ་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ནས། ཚོང་དོན་ལ་སྤྱོད་པའི་གློག་དང་རྫས་འགྱུར་གྱི་གསོག་ནུས་མ་ལག་ཆེ་གྲས་ཐོག་མ་དེ་ཧྲང་ཧའེ་གསོག་ནུས་རིམ་འདས་བཟོ་གྲྭ་ནས་བདེ་བླག་ངང་ཐོན་སྐྱེད་བྱས་པ་རེད།
དེ་ནི་ཐེ་སི་ལཱ་ཨ་རི་ཕུད་པའི་ས་གནས་གཞན་དུ་གསོག་ནུས་རིམ་འདས་བཟོ་གྲྭ་བཙུགས་པའི་རྣམ་གྲངས་ཐོག་མ་ཡིན་པར། ས་ཁྱོན་སྨི་ངོས་གྲུ་ཁྲི་20ཙམ་ཟིན་ནས་དེའི་རྒྱ་ཁྱོན་ཚད་ལྡན་རྐང་རྩེད་སྤོ་ལོའི་ཐང་30དང་མཚུངས་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེ་སི་ལཱ་ཧྲང་ཧའེ་གསོག་ནུས་རིམ་འདས་བཟོ་གྲྭས་དུས་ཚིགས་འདིར་ཐོན་ཚད་རིམ་བཞིན་མང་དུ་བཏང་ནས་ལོར་རབས་དང་པོ་གསར་པའི་ཚོང་དོན་ལ་སྤྱོད་པའི་ཐེ་སི་ལཱའི་རིམ་འདས་གློག་དང་རྫས་འགྱུར་གྱི་གསོག་ནུས་མ་ལག་ཁྲི་1ཐོན་སྐྱེད་བྱེད་རྩིས་ཡོད་པ་རེད།
རྣམ་གྲངས་དེ་2024ལོའི་ཟླ་5ཚེས་23ཉིན་ཧྲང་ཧའེ་ཡི་ལིན་ཀང་གྲུ་ཁར་འགོ་བཙུགས་ཤིང་། ས་ཆ་རག་པ་ནས་ཐོན་སྐྱེད་བྱེད་པའི་བར་དུས་ཡུན་ཟླ་བ་དགུ་ལས་འགོར་མེད་པ་དེ་བཟོ་གྲྭ་ཧྲིལ་པོར་ཟླ་བ་བཅུ་གཉིས་འགོར་བ་དང་བསྡུར་ཚེ་ཟླ་བ་གསུམ་སྔ་སྣུར་ཐུབ་ནས་ཧྲང་ཧའེ་ཡིས“ཐེ་སི་ལཱའི་མྱུར་ཚད”ལ་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད།