གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་13ཉིན། 14:20】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ས་གནས་དེ་གའི་དུས་ཚོད་ཟླ་2པའི་ཚེས་11ཉིན་ཤེས་རྟོགས་བྱུང་བ་ལྟར་ན། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཡུག་རེན་ཕྱོགས་ནས་ཚོད་འཛིན་བྱས་ཟིན་པའི་ཨུ་རུ་སུའི་ཁུའུ་ཨེར་སི་ཁེ་མངའ་སྡེའི་ཁུལ་ཁག་ཅིག་སྤྱད་དེ་ཨུ་རུ་སུས་ཚོད་འཛིན་བྱས་ཟིན་པའི་རང་ཕྱོགས་ཀྱི་མངའ་ཁོངས་ས་ཆ་དང་བརྗེ་རེས་བྱ་རྩིས་ཡོད་ཅེས་བཤད།
ཙེ་ལེན་སི་ཅི་ཡིས་ད་དུང་ཨ་རིས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་མཚམས་བཞག་ན། ཡོ་རོབ་རྒྱལ་ཁབ་ཀྱིས་དེ་ལས་བྱུང་བའི་སྟོང་ཆ་གསབ་ཐབས་མེད་པས། སྐབས་དེར་སླེབས་ན་ཡུག་རེན་ཕྱོགས་ཀྱིས་ཀྱང་རང་ནུས་ལ་བརྟེན་ནས་དཀའ་ངལ་ལས་སྒྲོལ་བའི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་བཤད། གཞན་ཡང་། མུའུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས་མཇུག་བསྒྲིལ་རྗེས། ཙེ་ལེན་སི་ཅི་ཕལ་ཆེར་ཨ་རིར་ཕྱིན་ཏེ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཐུག་འཕྲད་བྱ་རྩིས་ཡོད། དོན་དེའི་ཐད། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་ཚེས་11ཉིན། ཙེ་ལེན་སི་ཅིའི་སྐད་ཆ་དེ་ནི་ཁུའུ་ཨེར་སི་ཁེའི་ཕྱོགས་ཀྱི་ཡུག་རེན་དམག་དཔུང་གི་དམག་དོན་ཕམ་ཉེས་བྱུང་བ་སྦ་གསང་བྱེད་ཆེད་རེད་ཅེས་བཤད།