འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་13ཉིན།

༄༅།།ཐའེ་ཝན་གྱི་གནད་དོན་ཐད་འདི་ལྟར་བཤད་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་13ཉིན། 14:19】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གིས་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཉེ་དུས་ངོགས་གཉིས་ཀྱི་གླེང་མང་བའི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

གསར་འགོད་པ་ཞིག་གིས། ཉིན་ཤས་གོང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་གློག་ཀླད་ཉིང་ལྷེབ་དང་འདྲེན་གཟུགས་ཕུང་གསུམ་ནང་འདྲེན་སློབ་ཚན་ལ་སྒོ་ཁྲལ་མཐོན་པོ་བསྡུ་རྒྱུ་ཡིན་ཞེས་བཤད་པ་མ་ཟད། ཉིང་ལྷེབ་ཚོང་ལས་98%ཚང་མ་ཐའེ་ཝན་དུ་བསྐྱོད་ཟིན་ཞེས་སླར་ཡང་བཤད་པ་དང་། ཐོན་ལས་དེ་དག་ཨ་རིར་ལོག་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་“ཁ་གཏད་གཅོག་ཐབས་”ཁག་4བཏོན་ནས་“ཐའེ་ཝན་དང་ཨ་རིའི་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་”ཞེས་བཤད་པ་རེད། དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལན་གྱིས། ཨ་རིའི་ཕྱོགས་རྐྱང་རིང་ལུགས་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་འབྲེལ་ཡོད་བྱེད་སྟངས་ཐོག་ནས། ཨ་རིས་ནམ་ཡང་“ཨ་རིའི་ཁེ་ཕན་སྔོན་ལ་”ལག་བསྟར་བྱེད་པ་སླར་ཡང་ར་སྤྲོད་བྱུང་ཡོད། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་“ཨ་རིར་བརྟེན་པ་”ཇི་ཙམ་མང་ན་ཐའེ་ཝན་ལ་གནོད་འཚེ་དེ་ཙམ་གྱིས་ཟབ་མོ་བཟོ་བ་དོན་དངོས་ལས་ཡང་ཡང་ར་འཕྲོད་ཡོད། “ཁ་གཏད་གཅོག་ཐབས་”ཟེར་བ་ནི་“ཐའེ་ཝན་བཙོང་པ་”ཙམ་ཡིན་པས། ཐའེ་ཝན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞིར་གནོད་འཚེ་གཏོང་བ་དང་། ཐའེ་ཝན་དམངས་ཚོགས་ཀྱི་ཁེ་ཕན་དང་བདེ་སྐྱིད་བློས་གཏོང་རྒྱུ་ལས་མེད་ཅེས་བཤད།