འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་13ཉིན།

༄༅།།མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་བརྡ་ཐོ་བཏང་ནས། དཔྱིད་འདེབས་ཞིང་སྤྱོད་རྒྱུ་ཆ་མཁོ་སྤྲོད་ལས་དོན་ཡག་པོ་བསྒྲུབས་ཏེ་ཞིང་སྤྱོད་རྒྱུ་ཆ་ནང་འདྲེན་གྱི་མ་གནས་དང་འཁོར་རྒྱུག་འགྲོ་གྲོན་དམའ་རུ་གཏོང་གང་ཐུབ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་13ཉིན། 13:56】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས《2025ལོའི་དཔྱིད་འདེབས་ཞིང་སྤྱོད་རྒྱུ་ཆ་མཁོ་སྤྲོད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས་ཁོངས་གཏོགས་ཡོངས་ཀྱིས་དཔྱིད་འདེབས་ཞིང་སྤྱོད་རྒྱུ་ཆ་མཁོ་སྤྲོད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་ཁག་མཁོ་འཚོང་མཉམ་ལས་ཁང་གིས་དཔྱིད་འདེབས་ཞིང་སྤྱོད་རྒྱུ་ཆ་མཁོ་སྤྲོད་རྒྱུན་མི་ཆད་པ་དང་འདང་ངེས་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། ཞིང་སྤྱོད་རྒྱུ་ཆ་ཁེ་ལས་ཀྱི་ཉོ་སྒྲུབ་གསོག་འཇོག་གི་མྱུར་ཚད་ལ་ཞིབ་དཔྱད་དང་ལེགས་སྒྲིག་བྱེད་པ་དང་། ཁེ་ལས་ལ་ཐོན་ཚོང་སྦྲེལ་མཐུད་བྱེད་པར་མཛུབ་སྟོན་བྱས་ཏེ། དཔྱིད་འདེབས་ཞིང་སྤྱོད་རྒྱུ་ཆ་ཡོང་ཁུངས་འདང་ངེས་དང་གཤམ་སྤྲོད་གནད་འཁེལ་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། གངས་འཁྱགས་གནམ་གཤིས་ཀྱིས་ཞིང་སྤྱོད་རྒྱུ་ཆ་སྐྱེལ་འདྲེན་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པར་སྤྱི་འདོམས་ཁ་གཏད་བཅག་སྟེ་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ་བཅས་ཀྱི་སྐྱེལ་འདྲེན་འཆར་གཞི་སྔོན་ནས་མཐུན་སྦྱོར་དོན་འཁྱོལ་བྱེད་དགོས། བརྒྱུད་རིམ་ལྡན་པའི་ཞིང་སྤྱོད་རྒྱུ་ཆ་འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

རིམ་ཁག་མཁོ་འཚོང་མཉམ་ལས་ཁང་གིས་རྫུན་ལྷད་ཞན་གསུམ་གྱི་ཞིང་སྤྱོད་རྒྱུ་ཆ་ཁྲོམ་རར་བཙོངས་པར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། ཞིང་སྤྱོད་རྒྱུ་ཆ་སྤུས་ཚད་ཀྱི་ལྟ་འདོམས་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་སྤྱོད་རྒྱུ་ཆ་ནང་འདྲེན་གྱི་མ་གནས་དང་འཁོར་རྒྱུག་འགྲོ་གྲོན་དམའ་རུ་གཏོང་གང་ཐུབ་བྱས་ནས་ཞིང་པར་ཕན་པ་དེ་བས་མང་བ་བསྐྲུན་དགོས། ཀྲུང་གོ་ཞིང་སྤྱོད་རྒྱུ་ཆ་འཁོར་རྒྱུག་མཐུན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་སྤྱོད་རྒྱུ་ཆ་ཁྲོམ་རའི་རིན་གོང་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། ཁོངས་གཏོགས་ཀྱི་ཞིང་སྤྱོད་རྒྱུ་ཆ་ཁེ་ལས་ཀྱིས་ཉོ་ཚོང་གི་བརྒྱུད་རིམ་ལ་སྟངས་འཛིན་ལུགས་མཐུན་དང་གཉེར་སྐྱོང་བརྟན་པོ་ཡོང་བར་ཁྲིད་སྟོན་བྱེད་དགོས།