གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་13ཉིན། 13:43】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་2ཚེས་11ཉིན། བོད་ཀྱི་བྱིས་པའི་གར་སྟེགས་ཟློས་གར་དང་པོ《དོན་ཡོད་དོན་གྲུབ》ལྷ་ས་གྲོང་ཁྱེར་བོད་ལྗོངས་ཟློས་གར་སྒྱུ་རྩལ་ལྟེ་གནས་སུ་འཁྲབ་སྟོན་བྱས་པ་རེད། འཁྲབ་སྟོན་པ་ཆུང་ཆུང་44འཁྲབ་སྟོན་དུ་ཞུགས་ཤིང་ཆུང་ཤོས་ནི་ལོ་5ཡིན།
ལོ་13ཅན་གྱི་བློ་བཟང་རྣམ་རྒྱལ་ནི“དོན་ཡོད”འཁྲབ་མཁན་ཡིན་པ་དང་། “དོན་གྲུབ་”དང་སྤུན་ཟླའི་མཛའ་བརྩེ་ཟབ་མོས་དེ་གར་ཞུགས་པའི་ལྟད་མོ་བ་རྣམས་ལ་སེམས་འགུལ་དྲག་པོ་ཐེབས་ཡོད།
བློ་བཟང་རྣམ་རྒྱལ་ཀྱིས“ཆུང་དུས་སྤོ་ལགས་དང་རྨོ་ལགས་ཀྱིས་རྒྱུན་པར་ཟློས་གར་ལྟ་བར་ཁྲིད་པ་དང་། དེ་ནས་ཟློས་གར་ལ་དགའ་སྣང་སྐྱེས་སོང་”ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོ་ནི་བློ་བཟང་རྣམ་རྒྱལ་གྱིས་བོད་རང་སྐྱོང་ལྗོངས་སྒྱུ་རྩལ་ཁང་དུ་ཟློས་གར་འཁྲབ་སྟོན་སློབ་སྦྱོང་བྱས་པའི་ལོ་7པ་རེད། ཁོ་ལ“ཀྲུང་གོའི་བྱིས་པའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་ཆུང་ཆུང”འགྲན་བསྡུར་ཁྲོད་“དཔྱིད་འགོའི་མེ་ཏོག་ཆུང་ཆུང”གི་མཚན་སྙན་ཐོབ་པ་རེད།
བྱིས་པའི་ཟློས་གར《དོན་ཡོད་དོན་གྲུབ་》ཁྲོད། བློ་བཟང་རྣམ་རྒྱལ་ལྟ་བུའི“དཔྱིད་འགོའི་མེ་ཏོག་ཆུང་ཆུང་”གི་མཚན་སྙན་ཐོབ་མཁན་འཁྲབ་སྟོན་པ་ཆུང་ཆུང་9ཡོད། བོད་ཀྱི་ཟློས་གར་འཁྲབ་སྟོན་པ་ཆུང་ཆུང་ཚོས་དྭངས་གཙང་གི་སྐད་ངག་ལ་བརྟེན་ནས་ལོ་བརྒྱའི་བོད་ཀྱི་ཟློས་གར་གྱི་ཉམས་འགྱུར་ཀུན་ལ་བསྟན།